མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>འབྱོར་འབྲིང་གི་ལམ་ཁ་ཡངས་པོ།
༄༅།།མེ་ཏོག་རྫོང་ལ་ཕྱུག་འགྱུར་གྲུབ་འབྲས་མངོན་ཆེན་ཐོབ་པ།
སྤེལ་བའི་དུས་ཚོད། : 2016-06-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མེ་ཏོག་རྫོང་གིས་ཡུལ་སྐོར་ལ་རྟེན་ནས་རྫོང་ཕྱུག་པོ་ཆགས་པ་བྱེད་པའི་ཐབས་ཇུས་འཛིན་པར་གྲུབ་འབྲས་མངོན་ཆེན་ཐོབ་པ།

ཉེ་དུས། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པ་དང་བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་སྒྲུབ་འགན་འཁུར་བའི་ཀོང་ཡུལ་ཉིང་ཁྲི་འགྲིམ། དག་པའི་ཞིང་ཁམས་མྱོང་ཞེས་པའི་བཅར་འདྲི་ཚོགས་པ་མེ་ཏོག་རྫོང་དུ་འབྱོར་བ་དང་། གསར་འགོད་པས་མེ་ཏོག་རྫོང་གི་འཕོ་འགྱུར་ཐད་ལ་བཅར་འདྲི་ཞུ་སྐབས། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལྷག་པ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བར། སྤྱི་ལོ ༢༠༡༥ ལོར། རྫོང་དེ་ཡོངས་ཀྱི་མོན་པ་རིགས་དང་ལྷོ་པ་རིགས་སོགས་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་ཆིག་སྟོང་ལྷག་ཙམ་ཡུལ་སྐོར་ཞབས་ཞུའི་ལས་དོན་ནང་ཞུགས་པ་དང་། ཞིང་འབྲོག་མང་ཚོགས་ཚོར་ཡུལ་སྐོར་ཐོན་ལས་ནས་ཁེ་སྤོགས་ཁྱོན་སྒོར་བྱེ་བ་གཉིས་ལྷག་ཙམ་བྱུང་ཡོད་པ་རེད།།

སྤྱི་ལོ ༢༠༡༣ ལོར་དགའ་ལུང་ལའི་ཕུག་ལམ་དངོས་སུ་ཤར་གཏོང་བྱུང་བ་དང་ཆབས་ཅིག་མེ་ཏོག་རྫོང་གིས་ཡུལ་སྐོར་ལས་དོན་འཕེལ་རྒྱས་གཏོང་འགོ་བཙུགས།

དུས་ཐུང་ལོ་གསུམ་ལ་ཉེ་བའི་རིང་རྫོང་དེ་གར་གསོལ་མགྲོན་ཁང་ ༡༨ དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ ༣༨ ཟིན།

ལོང་རྡོའི་རྡོ་ཁོག་དང་ནག་ཤིང་ཁོའེ་ཙེ། སྦ་སྨྱུག་སླས་མ་སྣ་ཚོགས། བུར་ཤིང་། ཚ་ལུ་མ། སུ་པན་སོགས་མེ་ཏོག་རྫོང་གི་དམིགས་བསལ་ཐོན་རྫས་ཀྱི་ཚོང་ཁང་རྫོང་གྲོང་གི་ཁྲོམ་ལམ་གང་སར་ཁྱབ་ཡོད།

སྦས་ཡུལ་པད་མ་བཀོད་ཅེས་རླུང་ལྟར་གྲགས་པའི་སྔོ་ལྗང་ལྗོན་པའི་སྐྱེས་ཚལ། ཁུ་བྱུག་གསུང་སྙན་སྒྲོག་པའི་ཡུལ་ལུང་དེས་ ལྗོངས་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་པར་བྱེད།

མེ་ཏོག་རྫོང་བདེ་ཞིང་ཤང་གི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྟེ་མོན་པ་རིགས་ཀྱི་འཚོ་སྡོད་ཁྱད་ཆོས་ཟབ་མོ་ལྡན་པའི་ཡར་ཀླུང་གཙང་པོའི་ཐོག་གི་བདེ་ཞིང་གནའ་བོའི་སྦ་ཟམ་དང་ཡར་ཀླུང་གཙང་པོའི་བདེ་ཞིང་སྒོར་སྒོར་ཁུག་ཆ།

རྩོམ་ཁུངས། བོད་ལྗོངས་འཕྲིན་དྲ།

གསར་འགོད་པ། བུ་བཟང་དགྲ་འདུལ། བློ་བཟང་།

པར་བ། སྒྲོལ་ཚེ།

   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号