མདུན་ངོས། >>ཆེད་བསྒྲིགས་ལེ་ཚན།>>༄༅།།ཀོང་ཡུལ་ཉིང་ཁྲིར་བསྐྱོད། དག་པའི་ཞིང་ཁམས་འགྲིམ།>>བྱ་འགུལ་ངོ་སྤྲོད།
༄༅།།ཀོང་ཡུལ་ཉིང་ཁྲི་འགྲིམ། དག་པའི་ཞིང་ཁམས་མྱོང་།
སྤེལ་བའི་དུས་ཚོད། : 2016-06-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

《ཀོང་ཡུལ་ཉིང་ཁྲི་འགྲིམ། དག་པའི་ཞིང་ཁམས་མྱོང་།》ཞེས་པའི་བཅར་འདྲི་བྱེད་སྒོ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་གསུངས་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རླུང་འཕྲིན་ལེ་ཚན་གྱི་སྤུས་ཀ་དང་ཆུ་ཚད་སྔར་བས་མཐོར་འདེགས་གཏོང་བ། ལེ་ཚན་གྱི་ཡིད་འགུག་ནུས་པ་དང་ཁྱབ་སྒྲོག་ནུས་པ་ཆེ་རུ་གཏོང་ཕྱིར་དང་། ཀྲུང་དབྱང་གི་སྐབས་དྲུག་པའི་བོད་ལྗོངས་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་གྱི་གསར་འགྱུར་ཁྱབ་བསྒྲགས་བྱ་བ་ལེགས་པོར་བསྒྲུབས་ནས། ཉེ་བའི་ལོ་ཤས་ནང་གི་བོད་ལྗོངས་མཐའ་མཚམས་མི་རིགས་ས་ཁུལ་གྱི་ཆབ་སྲིད་བརྟན་ལྷིང་དང་། མཐའ་སྲུང་བརྟན་པོ། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་བསྒྱུར། སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་རྣམ་པ་བཟང་བོ་ཕྱི་རུ་མངོན་པར་བྱེད་པའི་ཕྱིར་དུ། ཀྲུང་དབྱང་མི་དམངས་རླུང་འཕྲིན་ལས་ཁུངས་ནས་གཙོ་སྒྲུབ་མཛད་ཅིང་། བོད་ལྗོངས་མི་དམངས་རླུང་འཕྲིན་ལས་ཁུངས་ཀྱིས་འགན་སྒྲུབ་གནང་བ་ཞིག་ཡིན། འདིར་ལྗོངས་ཞིང་བཞིའི་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་རྣམས་གདན་འདྲེན་ཞུས་ཏེ། རྒྱ་བོད་སྐད་རིགས་གཉིས་དང་སྲོལ་རྒྱུན་སྨྱན་སྦྱོར་དང་སྨྱན་སྦྱོར་གསར་པ་མཉམ་འབྲེལ་གྱིས། བོད་ལྗོངས་ཉིང་ཁྲིའི་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་སྐྱེ་བོ་ཀུན་གྱི་སྙན་ལམ་དང་མཐོང་ལམ་དུ་འབུལ་རྒྱུ་དེའོ། །
   མདུན་ངོས་སུ་ལོག་པ།
པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུག་ཁ་པར། 010-86097222   སྐད་འཕྲིན།Tibetcnr
京公网安备110102005709-3号