རྒྱབ་ཤ་དཀར་པོའི་དེབ་ནང་རང་རྒྱལ་གྱི་ཆོས་ལུགས་པའི་སྡེ་ཡིས་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོར་འབད་པ་ཧུར་ཐག་གནང་བཞིན་པའི་སྐོར་བསྟན་པ།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་གིས་པེ་ཅིན་ནས་ཟླ 4 བའི་ཚེས 3 ཉིན་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་ཚེས་3ཉིན་འགྲེམ་སྤེལ་བྱས་པའི 《ཀྲུང་གོའི་ཆོས་ལུགས་དད་མོས་རང་དབང་ལ་འགན་སྲུང་བྱེད་པའི་སྲིད་ཇུས་དང་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་པ་ལྟར་ན། རང་རྒྱལ་གྱི་ཆོས་ལུགས་པའི་སྡེ་ཡིས་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོར་འབད་པ་ཧུར་ཐག་གནང་བཞིན་ཡོད་པ་སྟེ། 2012 ལོ་ནས་བཟུང་། ཆོས་ལུགས་པའི་སྡེ་ཡིས་ལོ་ལྟར་ “ཆོས་ལུགས་དགེ་སྒྲུབ་གཟའ་འཁོར”གྱི་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་། ཞལ་འདེབས་ཕུལ་བའི་དངུལ་འབོར་བསྡོམས་པས་སྒོར་དུང་ཕྱུར་ 10 ལས་བརྒལ་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་པར། རང་རྒྱལ་གྱི་ཆོས་ལུགས་པའི་སྡེ་ཡིས་ཝུན་ཁྲོན་ས་ཡོམ་སོགས་གནོད་འཚེ་ཚབས་ཆེ་བའི་དོན་རྐྱེན་ཁྲོད་ཆེད་དུ་གནོད་སེལ་སྨོན་ལམ་འདེབས་པའི་བྱེད་སྒོ་རིགས་སྣ་ཚོགས་སྤེལ་ཞིང་། སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ཀུའེ་ཀྲོའུ་ཞིང་ཆེན་སན་ཏུའུ་ཧྲུའེ་རིགས་རང་སྐྱོང་རྫོང་དབུལ་གྲོལ་ཡོང་ཆེད་རོགས་རམ་དང་། རྣམ་པ་སྣ་ཚོགས་ཀྱི་སློབ་སྐྱོར་ཞལ་འདེབས་ཕུལ་བ། ཆེད་ལས་སྨན་བཅོས་ལས་ཁུངས་ཀྱིས་དམངས་ཕན་འོས་འགན་སྨན་བཅོས་བྱེད་པར་རོགས་བྱས་པ། དཀའ་ངལ་ཡོད་པའི་མི་རྣམས་ལ་སྨན་བཅོས་རོགས་སྐྱོར་གྱི་ཞལ་འདེབས་གནང་བ། རྣམ་པ་སྣ་ཚོགས་ཀྱི་རྒས་པོར་གཅེས་སྐྱོང་དང་དབང་བོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་བཅས་སྤེལ་ནས། རྒན་གསོ་ཁང་དང་། དབང་བོ་སྐྱོན་ཅན་གྱི་ནད་གསོ་ས་ཚིགས་གསར་འཛུགས་བྱས་ཡོད་ལ། ཐོག་མའི་བསྡོམས་རྩིས་ལྟར་ན། ཆོས་ལུགས་པའི་སྡེ་ཡིས་བསྡོམས་པས་རྒན་གསོ་ལས་ཁུངས་400 ལྷག་གསར་འཛུགས་བྱས་ཤིང་། བསྡོམས་པས་ནད་ཁྲི་ཁྲི་2.9 ཙམ་བཙུགས་ཡོད་ལ། འབག་མེད་ཁོར་སྲུང་གི་འདུ་ཤེས་དར་སྤེལ་བཏང་ཞིང་། ནང་བསྟན་ཆོས་ལུགས་པའི་སྡེ་དང་ཏའོ་ཅའོ་ཆོས་ལུགས་པའི་སྡེ་གཉིས་ཀྱིས་“ཀུན་སྤྱོད་ཡག་པོའི་སྒོ་ནས་འབུལ་སྤོས་སྒྲོན་པ”ཞེས་པ་དང་“ལུགས་མཐུན་སྒོ་ནས་སྲོག་བླུ་གཏོང་བ”ཞེས་པའི་བྱེད་སྒོ་སྤེལ་ནས། སྐྱེ་ཁམས་ཡག་པའི་དགོན་སྡེ་དང་ཏའོ་ཅའོ་ཆོས་ལུགས་ཀྱི་དགོན་པ་འཛུགས་སྐྲུན་བྱས་ཡོད།

རྒྱབ་ཤ་དཀར་པོའི་དེབ་ནང་ཆོས་ཀྱི་སྙིང་བོ་དང་འདུལ་བའི་ནང་དོན་དེ་རྒྱལ་ཁབ་ཀྱི་གནས་ཚུལ་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པོའི་སྒོ་ནས་འཆད་འགྲེལ་བྱེད་ཅི་ཐུབ་དང་། རང་རྒྱལ་གྱི་ཆོས་ལུགས་སོ་སོ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་གནའ་སྔ་མོ་ནས་ཀྲུང་གོའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་བྱས་ཤིང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་ཁྱད་ཆོས་ཡོད། རང་རྒྱལ་གྱི་ཆོས་ལུགས་པའི་སྡེ་ཡིས་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ། ཀྲུང་གོའི་གནས་ཚུལ་དང་མཐུན་པའི་ཆོས་ལུགས་ཀྱི་བསམ་བློ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཡོད་ཅེས་མངོན་གསལ་དུ་བསྟན་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།