ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དབུལ་སྐྱོར་འགག་སྒྲོལ་ལས་རྣམ་པར་རྒྱལ།

འཚོ་བ་གསར་པ། འགོ་འཛུགས་ས་གསར་པ་སྟེ། ནང་སོག་ཁ་ལ་ཆིན་རྫོང་གིས་ཐོན་ལས་ལ་དམ་འཛིན་བྱས་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།

2021-02-25 16:05:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་2019ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཁྲི་ཧྥེང་གྲོང་ཁྱེར་ཁ་ལ་ཆིན་རྫོང་ཧོ་ནན་སྲང་ལམ་གྱི་མ་ཨན་ཧྲན་གྲོང་ཚོར་རྟོག་ཞིབ་གནང་སྐབས། ཐོན་ལས་ནི་གོང་འཕེལ་གྱི་རྨང་གཞི་ཡིན་པས། ཐོན་ལས་དར་རྒྱས་བྱུང་ན། གྲོང་མི་རྣམས་ཀྱི་ཡོང་འབབ་གཞི་ནས་བརྟན་པོའི་ངང་འཕར་ཐུབ་ཅེས་བསྟན་གནང་ཡོད། ས་གནས་དེ་གའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་བློ་ལ་བརྟན་པོར་ངེས་ནས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་བྱེད་པ་དང་། ཁྱད་ལྡན་ཐོན་ལས་གོང་འཕེལ་ཧུར་ཐག་བཏང་ནས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བཞིན་ཡོད།

མ་ཨན་ཧྲན་གྲོང་ཚོའི་གྲོང་མི་ཀྲང་ཀོ་ལི་ཁྱིམ་དུ། ཁང་པ་ཆེ་བ་གསུམ་ཡོད་ཅིང་། སྒེའུ་ཁུང་དག་གཙང་མར་འབྱེད་ཡོད། དཀར་གཙང་གི་གྱང་ངོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཁོང་ཚོའི་ཁྱིམ་དུ་ཕེབས་སྐབས་ཀྱི་འདྲ་པར་གྱིས་ཁེངས་ཡོད། སྤྱི་ལོ་2019ལོའི་ཟླ་7པའི་ཚེས་15ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མ་ཨན་ཧྲན་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་དང་། ཀྲང་གོ་ལི་ཡི་ཁྱིམ་དུ་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་འཐུས་མི་དང་བྱམས་བརྩེའི་བཀའ་མོལ་གནང་མྱོང་ཡོད།

མ་ཨན་ཧྲན་གྲོང་ཚོ་ནི་དེ་སྔོན་ཁ་ལ་ཆིན་རྫོང་གི་སྐད་གྲགས་ཡོད་པའི་རྗེས་ལུས་གྲོང་ཚོ་ཡིན་པ་དང་། རྨང་གཞིའི་ཆ་རྐྱེན་ཞན་པ། གྲོང་མི་དུད་ཁྱིམ་300ཙམ་ལོ་ནས་ལོ་མཐུད་དེ་རི་གཤམ་དུ་ས་རྒྱུ་ཞན་པའི་སྐམ་ཞིང་ལ་ཆར་ཆུ་འགུག་ནས་ལོ་ཏོག་འདེབས་རྒྱུར་བརྟེན་དགོས། དབུལ་ཕོངས་དུད་ཁྱིམ་ཡིན་པའི་ངོས་ནས། ཀྲང་གོ་ལི་ཡིས་འདེབས་འཛུགས་གྲུབ་གཞི་ལེགས་སྒྲིག་བྱ་རྒྱུར་སྣེ་ཁྲིད་དེ། འབྲུ་རིགས་དཀྱུས་མ་འདེབས་སའི་རི་སྐེད་ཀྱི་ས་ཞིང་ཐོག་རྒུན་འབྲུམ་བཏབ་ཡོད།
གྲོང་མི་རྣམས་དབུལ་ཕོངས་ནས་སྒྲོལ་ཆེད། ས་གནས་དེ་གས་རི་སྐྱེས་རྒུན་འབྲུམ་ཆེད་ལས་མཉམ་ལས་ཁང་འཛུགས་རྒྱུའི་འཚོལ་ཞིབ་བྱས་པ་དང་། རྗེས་སུ་སླར་ཡང་རྒུན་འབྲུམ་ཨ་རག་སྙོལ་ལས་ཀུང་སི་བཙུགས་ནས་རི་སྐྱེས་རྒུན་འབྲུམ་གྱི་བྲིན་ཚོང་གནད་དོན་ཐག་གཅོད་བྱས་ཡོད་པ་དང་། ད་དུང་རྣམ་གྲངས་མ་དངུལ་སྒོར་བཞི་འབུམ་ལྔ་ཁྲི་རྒུན་འབྲུམ་ཨ་རག་ཀུང་སིར་བཏང་ནས། དབུལ་ཕོངས་དུད་ཁྱིམ་49ཡི་ཁྱོན་མི་116ཀུང་སིའི་མ་རྐང་འཇོག་མཁན་ལ་འགྱུར་ཡོད། གྲོང་ཚོའི་ནང་གི་ཨ་རག་སྙོལ་ལས་ཁེ་ལས་ཀྱི་མ་མཐའི་འགན་སྲུང་ཡོད་པས། རྒུན་འབྲུམ་སྡོང་པོའི་ཐོག་གི་དམར་སྨུག་གི་རྒུན་འབྲུམ་རེ་རེ་གྲོང་མིའི་དངུལ་ཁུག་ནང་གི་དངུལ་སྒོར་རེ་རེར་གྱུར་ཡོད།

དེའི་རྨང་གཞིའི་ཐོག གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་ད་དུང་ཤང་གྲོང་ཡུལ་སྐོར་དང་རི་སྐྱེས་རྒུན་འབྲུམ། དབུལ་སྐྱོར་བཅས་གཅིག་སྡུད་ཀྱི་མ་དཔེ་འཆར་འགོད་བྱས་ནས། མུ་མཐུད་ཐོན་ལས་མཉམ་འདྲེས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བདེ་སྐྱིད།

中央广播电视总台 央广网 版权所有

འཚོ་བ་གསར་པ། འགོ་འཛུགས་ས་གསར་པ་སྟེ། ནང་སོག་ཁ་ལ་ཆིན་རྫོང་གིས་ཐོན་ལས་ལ་དམ་འཛིན་བྱས་ནས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ལོ་2019ལོའི་ཟླ7པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཁྲི་ཧྥེང་གྲོང་ཁྱེར་ཁ་ལ་ཆིན་རྫོང་ཧོ་ནན་སྲང་ལམ་གྱི་མ་ཨན་ཧྲན་གྲོང་ཚོར་རྟོག་ཞིབ་གནང་སྐབས། ཐོན་ལས་ནི་གོང་འཕེལ་གྱི་རྨང་གཞི་ཡིན་པས། ཐོན་ལས་དར་རྒྱས་བྱུང་ན། གྲོང་མི་རྣམས་ཀྱི་ཡོང་འབབ་གཞི་ནས་བརྟན་པོའི་