ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དབུལ་སྐྱོར་འགག་སྒྲོལ་ལས་རྣམ་པར་རྒྱལ།

དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་མཐའ་མའི་དམག་འཐབ་སྟེ། གངས་རིའི་འདབས་སུ་བདེ་སྐྱིད་གླུ་དབྱངས་གྲགས།

2021-02-23 15:45:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་མྱེས་རྨ་ཆེན་གངས་རིའི་འདབས་སུ་ཆགས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ལྷ་རྒྱལ་གྲོང་རྡལ་ཙན་ཀེན་གྲོང་ཚོར། དགུང་སྔོན་སྤྲིན་དཀར་འོག་གི་རྩྭ་ཐང་ཐོག་བདེ་སྐྱིད་དང་དྲིན་ཚོར་གྱི་བསམ་པ་བོད་རིགས་མང་ཚོགས་ཀྱི་མཚར་སྡུག་བཀྲ་བའི་འཛུམ་མདངས་ནས་མངོན་ཞིང་། སྙན་འཇེབས་ལྡན་པའི་གླུ་སྒྲའི་ཁྲོད་སིམ་ཡོད།

ཙྭན་གུ་གྲོང་ཚོར་དེ་སྔ་དགའ་སྤྲོའི་གླུ་དབྱངས་ཐོས་རྒྱུ་མེད། གྲོང་ཚོ་དེར་ཐེམ་དུད་309ཡི་མི་1123ཡོད་པའི་ནང་། ཡིག་ཚགས་དང་གཱ་ཤོག་བཟོས་པའི་དབུལ་ཕོངས་ཐེམ་དུད་58ཡོད་ཅིང་། དཔེ་མཚོན་གྱི་འབྲོག་ལས་གྲོང་ཚོ་ཞིག་ཡིན་པས། ནོར་ལུག་གསོ་ཚགས་ཕུད་གྲོང་མི་ཚོར་ཡོང་སྒོ་གཞན་གང་ཡང་མེད།

གྲོང་མི་ཕད་ཝ་ཡིས། དེ་སྔོན་ངའི་ཁྱིམ་དུ་བ་ཕྱུགས་མགོ་གྲངས་10ལྷག་ལས་མེད་པ་དང་། ང་དང་བཟའ་ཟླར་ཡང་རྩལ་ནུས་མེད་པས། ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་གཉིས་ཡང་ཟིན་གྱི་མེད། བཟའ་ཟླ་དང་ཕྲུ་གུར་ནད་གཞི་ཕོག་སྐབས་འགོར་འགྱངས་ཁོ་ན་བྱེད་པ་ལས་ནད་གཞི་ལྟ་བའི་དངུལ་སྨར་རྩ་བ་ནས་མེད་ཅེས་ཕྱིར་དྲན་བྱས་ནས་བཤད་ཡོད།

གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དཀོན་མཆོག་གིས། འཚོ་བ་སྐྱེལ་བའི་ཐབས་ལམ་གུ་དོག་པ་དང་། ཡོང་འབབ་དམའ་བ། ངལ་རྩོལ་རྩལ་ནུས་མི་འདང་བ་བཅས་ནི་དབུལ་པོར་གྱུར་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་ཞེས་བསྟན་ཡོད་པ་རེད།

སྤྱི་ལོ་2016ལོར། ཙྭན་གུ་གྲོང་ཚོའི་ཐེམ་དུད་ལ་དབུལ་སྐྱོར་ཐོན་ལས་མ་དངུལ་གཤམ་སྤྲོད་བྱས་རྗེས། གྲོང་མི་ཚོས་མ་དངུལ་དེ་དབུལ་སྐྱོར་ཐོན་ལས་གསོ་སྤེལ་གླིང་ཞིག་གི་མི་རིགས་ལག་ཤེས་བཟོ་རྩལ་ཀུང་སིའི་མ་རྐང་ནང་ཞུགས་པ་དང་། ཆབས་ཅིག་དབུལ་ཕོངས་ཐེམ་དུད་ཀྱིས་ལག་ཤེས་བསླས་ཐག་རྩལ་ནུས་སྦྱོང་བརྡར་བྱས་རྗེས་ཀུང་སིར་ལས་ཞུགས་ཐུབ་པ་བྱས་ཡོད།

མི་ལ་ཉ་སྟེར་བ་ལས་ཉ་འཛིན་སྟངས་བསླབ་ཞེས་པའི་དཔེ་ལྟར། དེ་སྔའི་འབྲོག་པ་རྣམས་གླ་ཕོགས་ལེན་མཁན་གྱི་ཐོན་ལས་བཟོ་པར་གྱུར་ཡོད། ས་གདན་དང་འགེལ་རུམ། བལ་གྱིས་བསླས་པའི་དངུལ་ཁུག ལྟོ་ཕད་སོགས་ཐོན་རྫས་སྣ་ཚོགས་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། དེང་རབས་ཀྱི་འཚོ་བའི་དགོས་མཁོ་དང་ཡང་མཐུན་པ་དང་། ཚང་མས་དགའ་པོ་བྱེད་པའི་དར་སོ་ཆེ་བའི་ཐོན་རྫས་གསར་པར་གྱུར་ནས། ཟི་ལིང་དུ་བཙོངས་པ་མ་ཟད། ཀུང་སིར་ད་དུང་ཧྲང་ཧའེ་སོགས་ས་ཆའི་མངགས་ཐོ་ཡང་འབྱོར་ཡོད་པ་རེད།

ད་ཆ་གྲོང་ཚོར་ད་དུང་འོ་བཟོས་ཐོན་རྫས་བཟོ་བ་དང་གཟན་རྩྭ་འདེབས་འཛུགས་བྱེད་པའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་བཙུགས་པས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་བརྒྱ་ལས་བརྒལ་བ་དང་། གྲོང་མིའི་འཚོ་བར་མདུན་ལྗོངས་ཀྱིས་ཁེངས་པ། འཚོ་བར་རེ་བ་ཡོད་པ། སེམས་ནང་ཕུགས་བསམ་ཡོད་པ་བཅས་འབྱོར་འབྲིང་གི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

སྤྱི་ལོ་2020ལོའི་ཟླ་4པར། རྨ་ཆེན་རྫོང་དུ་དབུལ་ཕོངས་གྲོང་ཚོ་14ཡོད་པ་དང་། ཐེམ་དུད་2286གི་མི་འབོར་དབུལ་པོ་7574ཚང་མ་དབུལ་སྒྲོལ་ཐུབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཞུ་དག ཟླ་བ་ཚེ་རིང་།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

དབུལ་སྒྲོལ་འགག་གཏོར་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་མཐའ་མའི་དམག་འཐབ་སྟེ། གངས་རིའི་འདབས་སུ་བདེ་སྐྱིད་གླུ་དབྱངས་གྲགས།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཨ་མྱེས་རྨ་ཆེན་གངས་རིའི་འདབས་སུ་ཆགས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ལྷ་རྒྱལ་གྲོང་རྡལ་ཙན་ཀེན་གྲོང་ཚོར། དགུང་སྔོན་སྤྲིན་དཀར་འོག་གི་རྩྭ་ཐང་ཐོག་བདེ་སྐྱིད་དང་དྲིན་ཚོར་གྱི་བསམ་པ་བོད་རིགས་མང་ཚོགས་ཀྱི་མཚར་སྡུག་བཀྲ་བའི་འཛུམ་མདངས་ནས་མངོན་ཞིང་།