ཆ་འཕྲིན་ཐེར་འདོན། mzjubao@cnr.cn

དབུལ་སྐྱོར་འགག་སྒྲོལ་ལས་རྣམ་པར་རྒྱལ།

དབུལ་སྒྲོལ་ཕྱུག་འགྱུར་ལམ་བུ་ཡངས་པོ་བཏོད་པ།

2021-01-21 10:10:00     责编:sangjzm

སྦངས་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་དུ་གནས་ཤིང་། གྲོག་རོང་ལུང་ཤུར་དུ་ཆགས་པས། སྟོད་ལུང་བདེ་ཆེན་ཆུས་སུ་སྐད་གྲགས་ཆོད་པའི་རྗེས་ལུས་གྲོང་ཚོ་ཞིག་ཡིན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། བདེ་ཆེན་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་ས་གནས་དེ་གའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་ཞིང་འབྲོག་མང་ཚོགས་ལ་སེམས་ཁྲལ་དང་དཀའ་གནད་སེལ་རོགས་བྱས་ཏེ། མ་དངུལ་སྒོར་ཁྲི་16བཏང་ནས་དམངས་ཕན་བྱེད་སྒོའི་ལྟེ་གནས་ཉམས་གསོ་དང་དྲོད་ཁང་ཆེ་མོ་སོགས་རྒྱས་སྐྲུན་བྱས་པ་དང་སྦྲགས། ཆེད་ལས་རྩལ་ནུས་གསོ་སྦྱོང་ཐེངས་མང་བྱས་པས། ཡུལ་མིའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་། སྦངས་གྲོང་ཚོར་སྐྱེ་སྟོབས་གསར་པ་རྒྱས་པ་མ་ཟད། ད་དུང་གྲོང་ཚོའི་ནང་ཕྱུག་འགྱུར་སྣེ་ཁྲིད་པ་མང་པོ་ཐོན་པ་དང་། བསྟན་འཛིན་དོན་གྲུབ་ནི་ཁོ་ཚོའི་གྲས་ཤིག་རེད།

བསྟན་འཛིན་དོན་གྲུབ་ནི་ས་སྐྱེས་རྡོ་སྐྱེས་ཀྱི་སྦངས་གྲོང་ཚོའི་མི་ཡིན་ཞིང་། 2014ལོར། བསྟན་འཛིན་དོན་གྲུབ་ཀྱིས་བདེ་ཆེན་གྲོང་རྡལ་སྦངས་གྲོང་ཚོའི་བསྟན་འཛིན་འབྲི་གཡག་གསོ་ཚགས་མཉམ་ལས་ཁང་བཙུགས་པ་དང་། མཉམ་ལས་ཁང་དེ་ནི་མཉམ་ལས་ཁང་སྣེ་འདྲེན་དུ་བྱས་ནས། གྲོང་ཚོ་དེ་གའི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་གྲོང་ཚོ་དེ་གའི་གནད་སྨིན་དབུལ་སྐྱོར་གྱི་དུད་ཚང་6བསྡུས་ནས་བཙུགས་པའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཤིག་རེད།

2016ལོར། སྟོད་ལུང་བདེ་ཆེན་ཆུས་དང་བདེ་ཆེན་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་སྟོད་ལུང་བདེ་ཆེན་ཆུས་དབུལ་སྐྱོར་གཞུང་ལས་ཁང་གི་རྒྱབ་སྐྱོར་འོག་བསྟན་འཛིན་འབྲི་གཡག་གསོ་ཚགས་མཉམ་ལས་ཁང་ལ་ཐོན་ལས་དབུལ་སྐྱོར་རྣམ་གྲངས་རེ་ཞུ་ཐུབ་ནས། རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་གསར་སྐྲུན་བྱས་པ་དང་འབྲེལ། སྨི་ངོས་གྲུ་600ཟིན་པའི་གཞུང་ལས་ཁང་དང་ཐོན་སྐྱེད་འཁོར་ཁང་བསྐྲུན་པས། བསིལ་སྐམ་ཁང་དང་། མཛོད་ཁང་། ཐུམ་སྒྲིལ་འཁོར་ཁང་སོགས་གཞི་གཅིག་ཅན་གྱི་ཚད་ལྡན་ཐོན་སྐྱེད་སྒྲུབ་རིམ་ཆགས་ཡོད་པ་རེད།

ད་ཆ་མཉམ་ལས་ཁང་ལ་རྒྱ་ཁྱོན་སྨི་ངོས་གྲུ་700ཟིན་པའི་འབྲོག་ར་དང་། དོ་དམ་མཁན་3 ལག་རྩལ་མི་སྣ་2 ལས་མི་གཞན་དག་9བཅས་ཡོད་པ་རེད། མཉམ་ལས་ཁང་གི་གཉེར་སྐྱོང་ཁྱབ་ཁོངས་ནང་འབྲི་གཡག་གསོ་ཚགས་དང་། དཀར་ཆུའི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་དང་ཕྱིར་ཚོང་། དུས་ཐུང་རྒྱགས་གསོ་བཅས་ཚུད་ཡོད་པ་རེད།

མཉམ་ལས་ཁང་བཙུགས་ཚུན། ཉེ་འཁོར་གྱི་དུད་ཚང་དབུལ་པོའི་མང་ཚོགས་17དང་མང་ཚོགས་གཞན་དག་3ལས་ཞུགས་ཐུབ་པར་བྱས་པ་དང་དུས་མཚུངས། གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གྱི་དུད་ཚང་6གི་མི་20ལ་མི་རེར་ལོ་རེར་བགོ་འགྲེམས་སྒོར་3700བརྒྱབ་ཅིང་། མིག་སྔའི་བར། རིམ་རྩིས་ལྟར་ན། བགོ་འགྲེམས་སྒོར་ཁྲི་28བརྒྱབ་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

དབུལ་སྒྲོལ་ཕྱུག་འགྱུར་ལམ་བུ་ཡངས་པོ་བཏོད་པ།

སྦངས་གྲོང་ཚོ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་དུ་གནས་ཤིང་། གྲོག་རོང་ལུང་ཤུར་དུ་ཆགས་པས། སྟོད་ལུང་བདེ་ཆེན་ཆུས་སུ་སྐད་གྲགས་ཆོད་པའི་རྗེས་ལུས་གྲོང་ཚོ་ཞིག་ཡིན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། བདེ་ཆེན་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་ས་གནས་དེ་གའི་གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་མཉམ་དུ་ཞིང་འབྲོག་མང་ཚོགས་ལ་སེ