རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་ཆེན་མོ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་བྱ་འགུལ་ཁྲོད་ཀྱི་གཅིག་ཡིན་ལ། ལོ་ལྔའི་ནང་དུ་ཐེངས་རེ་སྤེལ་བཞིནཡོད། རིག་རྩལ་སྤྲོ་ཚོགས་ཐེངས་ལྔ་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར༢༡དང་། ཤིན་ཅང་འཛུགས་སྐྲུན་དམག་ཚོགས། ཀྲུང་དབྱངས་དམག་ཨུའི་ཆབ་སྲིད་ལས་དོན་པུའུ། ཀྲུང་དབྱངས་མི་དམངས་སྲིད་གཞུང་གི་ཤང་ཀང་དང་ཨོའོ་མོན་དུ་སྡོད་པའི་འབྲེལ་གཏུག་ཁང་སོགས་འཐུས་ཚབ་ཚོགས་པ་༣༥ ཡིས་འཁྲབ་སྟོན་ལེ་ཚན་༤༣ གྲ་སྒྲིག་བྱས་ཡོད་ལ། ལེ་ཚན་འདི་དག་ནི་རིམ་གྱིས་པོའོ་ལས་ཟློས་གར་ཁང་དང་། མི་རིགས་ཟློས་གར་ཁང་། ཐེན་ཆའོ་ཟློས་གར་ཁང་། མི་རིགས་རིག་གནས་ཟློས་གར་ཁང་ཆེན་མོ། རྒྱལ་ཁབ་ཟློས་གར་གླིང་། ཁྲིང་ཨེན་གར་རྩེད་གླིང་། མེ་ལྭན་ཧྥང་ཟློས་གར་ཁང་ཆེན་མོ། ཀྲུང་གོའི་ཟློས་གར་ཁང་། ཐེན་ཆའོ་སྒྱུ་རྩལ་ལྟེ་གནས་སོགས་ནས་འཁྲབ་སྟོན་བྱེད་རྒྱུ་ཡིན་ལ། རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་འཁྲབ་སྟོན་ཆེན་མོ་ནི་གྲངས་ཉུང་མི་རིགས་ཀྱི་སྤོབས་སེམས་དང་རང་བློ་རང་འཁེལ་གྱི་བསམ་པ་མངོན་སའི་གར་སྟེགས་ཤིག་དང་། མི་རིགས་སོ་སོའི་སྒྱུ་རྩལ་བ་རྣམས་ཀྱི་ཁྱད་འཕགས་ཀྱི་རྩལ་ངོམ་སའི་སྟེགས་བུ་ཡང་ཡིན་ནོ། །

  • ༄༅།།ནང་སོག་རང་སྐྱོང་ལྗོངས་ཀྱི་འཐུས་ཚབ་རུ་ཁག་གི་ཟློས་གར་འཁྲབ་གཞུང་《མ་ཁུ་སྤོ་ལོའི་གཏམ་རྒྱུད།》

  • ༄༅།།མིའོ་རིགས་ཀྱི་གླུ་གར་འཁྲབ་སྟོན།

  • ༄༅།།ཧེ་རིགས་ཀྱི་གླུ་གར་འཁྲབ་སྟོན།

  • ༄༅།།སོག་རིགས་ཀྱི་གླུ་གར་འཁྲབ་སྟོན།

  • ༄༅།།བོད་ཀྱི་ཞབས་བྲོ་འཁྲབ་སྟོན།

  • ༄༅།།ཏུའུ་ལུང་རིགས་ཀྱི་གླུ་གར་འཁྲབ་སྟོན།

  • ༄༅།།ཧོ་པེ་འཐུས་ཚབ་ཚོགས་པའི་ཟློས་གར་《པཎ་ཆེན་སྐུ་ཕྲེང་དྲུག་པ།》

༄༅།།སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་ལྷན་ཚོགས་ཀྱི་འགོ་ཚུགས་མཛ

སྤྱི་ཟླ་༨པའི་ཚེས་༡༨ཉིན་གྱི་དགོང་མོ། སྐབས་ལྔ་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་རྩལ་ལྷན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་༼ཀུན་སེམས་གཅིག་སྦྲེལ་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་༽ཅེས་པའི་གླུ་གར་རིག་རྩལ་དགོང་ཚོགས་པ...

པར་དབང་ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བར་དབང་བས་དབང་བཅོལ་ཆོག་མཆན་མ་བྱས་གོང་སུ་ཞིག་གིས་ཀྱང་རང་དགར་མི་སྤྱོད་པར་མཁྱེན།
ང་ཚོའི་འབྲེལ་གཏུགས་ཁ་པར། 010-86097222 བརྙན་སྐྱེལ།010-86090633
京公网安备110102005709-3号