ང་ཚོའི་འཚོ་བ་གསར་པ།

བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ༤༠འཁོར་བར་རྟེན་འབྲེལ་ཞུ།

ཐེངས་འདིའི་རྩོམ་བསྡུའི་བྱེད་སྒོར་བོད་ལྗོངས་དང་དེ་བཞིན་མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ཀྱི་བོད་རིགས་ས་ཁུལ་དང་། ནང་སའི་ཞིང་ལྗོངས་དང་གྲོང་ཁྱེར་ཁག་ཏུ་བཞུགས་པའི་རླུང་འཕྲིན་གསན་གྲོགས་དང་དྲ་གྲོགས་ནས་བྲིས་གནང་བའི་རྩོམ་ཡིག་བརྒྱ་ཕྲག་འབྱོར་བ་དང་། དེ་དག་ལ་ཆེད་མངགས་སྒྲིག་འཛུགས་བྱས་པའི་ཆེད་མཁས་མི་སྣ་ཡིས་དཔྱད་འདེམས་རབ་དང་རིམ་པ་བྱས་རྗེས། མཐར་བྱ་དགའ་རིམ་པ་དང་པོ་གསུམ་དང་། གཉིས་པ་ལྔ། གསུམ་པ་བཅུ། ཕུལ་བྱུང་བྱ་དགའ་དྲུག་བཅས་བདམས་ཐོན་བྱུང་ཡོད་པ་རེད།

རླབས་ཆེན་ཏང་གི་བྱམས་བརྩེའི་བཀའ་དྲིན་ལས། དམངས་ཀྱི་འཚོ་གོས་ཡར་ངོའི་ཟླ་བཞིན་འཕེལ།

微信图片_20181206094757.jpg

དེ་ཡང་རླབས་ཆེན་ཀྲུང་གོ་གུང་ཁྲན་ཏང་གི་བྱམས་བརྩེའི་ཐུགས་ཁུར་དང་། མཁས་མཛངས་ལྡན་པའི་དབུ་ཁྲིད་འོག་1951ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་། 1959ལོར་དམངས་གཙོའི་བཅོས་སྒྱུར་བཏང་ཐོག་རི་བོ་ཆེན་པོ་གསུམ་མགོ་རྟིང་སློག་ཏེ་རྒྱ་ཆེའི་ཞིང་བྲན་རྣམས་ལ་རང་ལུས་རང་དབང་དང་། རང་ཁྱིམ་རང་བདག་ས་ཞིང་དང་ཕྱུགས་རིགས་རང་བདག་བགོ་བཤའ་ཐོབ་སྟེ་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་དང་།

ཕ་ཡུལ་གྱི་མི་ལོ་བཞི་བཅུའི་འཕེལ་འགྱུར།

མི་ལོ་བཞི་བཅུའི་སྔ་རོལ་དེར། རྒྱལ་ཁབ་ཀྱི་ལས་དབང་དང་མི་རིགས་ཀྱི་འཚོ་གནས་ལ་ཐུགས་ཁུར་མཛད་ཅིང་། མ་འོངས་འབྱུང་འགྱུར་ལ་མིག་དབང་རྣོ་བའི་ཏང་གི་རླབས་ཆེ་བའི་མགོ་ཁྲིད་དག་གིས། གསར་གཏོད་ཀྱི་འཇོན་ནུས་དང་བློ་སྤོབས་ཀྱི་མངའ་ཐང་ལས་འཁྲུངས་བའི་ལམ་ལུགས་གསར་བ་ཞིག་དང་སྲིད་ཇུས་གསར་བ་ཞིག ཀྲུང་ཧྭ་ཨ་མའི་ཁྱོན་ལ་རུས་མེད་ངང་ལག་ཏུ་བསྟར་དུས། དེ་ལ་ཐེ་ཚོམ་དང་འཇིགས་སྣང་།

ལྕགས་ཟམ་ལྗང་སྒུར།

རྐང་པ་ཞ་འཐེང་དུ་གྱུར་ཏེ་གཉེར་མ་ཆུ་རིས་ལྟར་མཆིས་ཤིང་འགྲམ་སོ་མུ་ཏིག་བཞིན་ཟད་པའི་རྒས་འཁོགས་རྣམས་ཀྱིས་དུས་གླེངས་དང་རྗོད་བཞིན་པ་ནི་རླབས་ཆེན་ཀྲུང་ཧྭའི་པང་གི་བོད་ལྗོངས་གསར་པའི་འཕོ་འགྱུར་ལས་འཕྲོས་པའི་མི་དམངས་ཀྱི་བདེ་སྐྱིད་དེ་དང་རང་དབང་བདག་ཏུ་ཡོད་པའི་པའི་ཀྲུང་གོའི་སྤྱི་དམངས་ཀྱིས་ལོངས་སུ་སྤྱོད་པའི་འདྲ་མཉམ་གྱི་ཁེ་དབང་དང་།གྲངས་ཉུང་མི་རིགས་མི་རིགས་སྤྱི་དང་མི་རིགས་རང་སྐྱོང་ས་ཁུལ་དུ་ཡོད་པའི་རྒྱལ་ཁབ་ཀྱི་ཐུགས་ཁུར་སྲིད་ཇུས་དག་རེད།

མི་རབས་གསུམ་གྱི་བཞུད་ལམ།

ཁོ་བོ་ནི་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་ནང་གི་མི་ཞིག་ཡིན་ལ། སྒྱུར་བཅོས་སྒོ་དབྱེའི་དུས་མགོའི་མི་ཞིག་ཡིན། ཨ་ཕའི་སློབ་གསོའི་འགྲུལ་བཞུད་དང་བསྡུར་ན། ཁོ་བོ་ནི་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་དུས་རབས་གསར་བའི་མི་རབས་གསར་བས་ངེས་ཤིང་། ཡང་དག་པའི་སྲིད་ཇུས་ཀྱི་རྟ་བདུན་འཁོར་ལོ་དེས་རིས་མེད་དྲོད་འཇམ་གྱི་ཟེར་བརྒྱ་མ་ལུས་མེས་རྒྱལ་འཛིན་མའི་ཁྱོན་དུ་ལྷུག་པོར་སྤྲོ་བཞིན་པའི་དུས་སྐབས་བཟང་པོ་ཞིག་ལགས་ན།

ཞིང་པ་དཀྱུས་མ་ཞིག་ནས་བོད་ཀྱི་ཕྱུག་བདག་ཏུ་གྱུར་པའི་སྒྲུང་།

ལོ་བཞི་བཅུའི་གོང་རྟ་ར་འོག་ཅེས་པའི་ཁྱིམ་ཚང་གི་མིང་དེ། རིན་སྤུངས་རྫོང་ཁོངས་ཀྱི་ཤང་གྲོང་འགའ་ཞིག་གི་སྐྱེ་བོས་མ་གཏོགས་རྒྱུས་མངའ་མེད་པ་ཞིག་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཁྱིམ་ཚང་དེར་སྐད་གྲགས་ཆོད་པའི་དོན་གང་ཡང་མེད་པས་ཡིན། འོན་ཏེ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་རྒྱལ་ཡོངས་དང་འདྲ་བར་