སྐབས་༡༣པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ།
སྤེལ་བའི་དུས་ཚོད། : 2019-03-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༥ཉིན་པེ་ཅིན་དུ་ཀྲུའུ་ཞིའི་བཀའ་རྒྱ་ཨང་༢༦པར་མཆན་འགོད་གནང་བ་དང་ཀྲུའུ་ཞིའི་བཀའ་རྒྱ་ཨང་༢༦པའི་ནང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་༡༣པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་༢པའི་ཐོག་སྤྱི་ལོ་༢༠༡༩ལོའི་ཟླ་༣ཚེས་༡༥ཉིན་གྲོས་འཆམ་བྱུང་ནས་ད་ལྟ་ཡོངས་བསྒྲགས་བྱེད་རྒྱུ་དང་སྤྱི་ལོ་༢༠༢༠ལོའི་ཟླ་༡པོའི་ཚེས་༡ཉིན་ནས་ལག་བསྟར་བྱེད་རྒྱུ་རེད་ཅེས་འཁོད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།