སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་འཐུས་མི་དང་ཨུ་ཡོན་གྱི་བསམ་འཆར་བསྡུ་ལེན་བྱས་ཏེ་བཟོ་བཅོས་ཁག་བརྒྱ་བཅུ་གྱ་གསུམ་བརྒྱབ་པ།
སྤེལ་བའི་དུས་ཚོད། : 2019-03-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ཚེས་15ཉིན་གྱི་སྔ་དྲོ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་། སྤྱི་ལོ་2019ལོའི་སྲིད་གཞུང་ལས་དོན་སྙན་ཞུར་སྤ་སེ་མང་པོ་ཐོབ་ནས་གྲོས་འཆམ་བྱུང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་15ཉིན་གྱི་ཕྱི་དྲོ་སྲིད་གཞུང་ལས་དོན་སྙན་ཞུར་བཟོ་བཅོས་བརྒྱབ་ཚུལ་གྱི་གསལ་འགྲེལ་ཟུར་གསལ་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། སྲིད་གཞུང་ལས་དོན་སྙན་ཞུའི་འཆར་ཟིན་འགོད་མཁན་ཚོགས་ཆུང་གི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཀུའོ་ཝེ་ཡིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་གཞུང་ལས་དོན་སྙན་ཞུར་བཟོ་བཅོས་ཁག་83བརྒྱབ་པ་དང་། འཐུས་མི་དང་ཨུ་ཡོན་ཚོའི་བསམ་འཆར་མང་ཆེ་བ་བསྡུ་ལེན་བྱས་ཡོད་ཅེས་དང་།

ཀུའོ་ཝེ་ཡིས། སྲིད་གཞུང་ལས་དོན་སྙན་ཞུའི་ལས་འགན་ཁག་གི་འཕེལ་རིམ་གནས་ཚུལ་ཐད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་བཀག་ལྟར་ལྟ་སྐུལ་དང་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། སྲིད་ཇུས་དེ་དག་དོན་འཁྱོལ་དང་ཕན་འབྲས་དངོས་ཐོན་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།