རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཨུ་ཡོན་བགྲོད་ལམ་ཐེངས་གསུམ་པ་ཤར་གཏོང་བྱས་པ།
སྤེལ་བའི་དུས་ཚོད། : 2019-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་གྱི་སྔ་དྲོ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཨུ་ཡོན་བགྲོད་ལམ་ཐེངས་གསུམ་པ་ཤར་གཏོང་བྱས་ཡོད། རིགས་ཁོངས་མི་འདྲ་བ་ནས་ཕེབས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དགུ་ཡིས་༥Gལག་རྩལ་དང་། ཞིང་མ་ལས་མིའི་སྤྱི་ཚོགས་འགན་བཅོལ། རྒྱལ་གཅེས་རིང་ལུགས་སློབ་གསོ་སོགས་དོ་ཁུར་བྱེད་མང་ཤོས་ཀྱི་གནད་དོན་ཐད་གསར་འགོད་པའི་དྲི་བར་ལན་བཀྱོན་ཡོད།

ད་ལོ་ནི་༥Gའགོ་ཚུགས་ལོ་ཡིན་པ་དང་། ༥Gདུས་རབས་སླེབས་པ་ནས་བཟུང་། དཔལ་འབྱོར་གསར་པའི་ཁྱབ་ཁོངས་འོག་གི་ཁེ་ལས་ལ་ཤུགས་རྐྱེན་གང་དང་གང་ཞིག་ཐེབས་ཡོད་དམ་ཞེ་ན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཆིང་ཧྭ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་འགོ་འཛིན་པའེ་གྲུང་ཨན་གྱིས། ༥Gལག་རྩལ་གྱིས་གྲངས་གཞི་འཚོལ་བསྡུ་དང་བརྒྱུད་གཏོང་གི་མྱུར་ཚད་སྔར་བས་མགྱོགས་སུ་ཕྱིན་ཡོད་པ་དང་། ལག་རྩལ་ཤེས་མཁན་དང་ཁེ་ལས་དོ་དམ་བྱེད་ཐུབ་པའི་ཤེས་སྡན་མི་སྣ་དེ་ལས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་འདུག

མིག་སྔར། ཞིང་པ་ལས་མི་ཞིང་ཆེན་བརྒལ་བའི་འགྲོ་སྡོད་ངེས་མེད་རང་བཞིན་ཆེན་པོ་ཡོད་པས། རྒན་གསོའི་འགན་བཅོལ་ལོ་༡༥བསྟུར་མར་བསྐྱེལ་བའི་དགོས་མཁོ་སྐོང་ཧ་ཅང་ཁག་པོ་ཡིན། དོན་དེར། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཞིང་བཟོ་ཏང་ཉིང་ཞ་ཁུལ་ཨུད་ཀྱི་ཨུ་ཡོན་ཏའེ་ཤའུ་དབྱིང་གིས། སྤྱི་ཚོགས་འགན་བཅོལ་དེ་ཞིང་པ་ལས་མི་དང་མཉམ་དུ་འགྲོ་ཐུབ་པའི་རེ་བ་གནང་ཡོད་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཤང་ཀང་ཆེད་ལས་ཟབ་སྦྱོང་སློབ་གླིང་དང་དེ་བཞིན་ཤང་ཀང་ཆེད་ལས་ཟབ་སྦྱོང་སློང་གྲྭའི་སློབ་སྤྱི་ཁྲེན་ཀྲོ་ཞི་ལ་རྒྱལ་གླུ་སྲུང་སྐྱོང་བྱེད་མཁན་གྱི་སློབ་སྤྱི་ཞེས་འབོད་ཀྱི་ཡོད། གང་འདྲ་བྱས་ནས་ཤང་ཀང་དང་ནང་སའི་གཞོན་ནུའི་བར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པའི་སྐོར་གླེང་སྐབས། ཁོང་གིས། ཡོའི་ཀང་ཨའོ་ཁུག་པ་ཆེན་པོའི་འཛུགས་སྐྲུན་གྱིས་ཤང་ཀང་གཞོན་ནུ་བ་རྣམས་སྔར་བས་ཆ་ལག་ཚང་བ་དང་། གོ་སྐབས་མང་པ་སྤྲད་ནས། མེས་རྒྱལ་ལ་རྒྱུད་མངའ་གཏིང་ཟབ་བྱེད་དགོས་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།