དུས་ཆེན་ཁྱད་པར་བ། བུད་མེད་ཁྱད་པར་བ། ཕྱག་རྟགས་ཁྱད་པར་བ།
སྤེལ་བའི་དུས་ཚོད། : 2019-03-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དེ་རིང་ནི་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་གྱི་ཉིན་མོ་ཡིན་ཞིང་། རྒྱལ་ཡོངས་ཚོགས་འདུ་གཉིས་འཚོགས་བཞིན་པའི་སྒང་རེད། སྤྱི་ལོ་2019ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་། རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་བུད་མེད་རྣམས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་རང་འགན་བརྩོན་པས་ཁུར་ནས། སྲིད་ཞུགས་སྲིད་གླེང་གིས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཐད་རང་ཉིད་ཀྱི་ལེགས་སྐྱེས་ཕུལ་བ་དང་། དེ་དང་དུས་མཚུངས་སུ་བུད་མེད་གསར་འགོད་པ་དང་ལས་དོན་མི་སྣས་རང་ཉིད་ཀྱི་ལས་གནས་ཐོག་ཧུར་ཐག་འབད་ཐག་གིས་ཚོགས་འདུ་གཉིས་དྲིལ་བསྒྲགས་དང་། ཚོགས་འདུ་གཉིས་ལ་ཞབས་ཞུ་སྒྲུབ་ཆེད་དཀའ་བའི་རྔུལ་ཆུ་འདོན་བཞིན་མཆིས།

ཚོགས་ཆེན་གཉིས་ཀྱི་དུས་ཚོད་དེ་བུད་མེད་དུས་ཆེན་ལ་ཁེལ་བས། ང་ཚོས་ཚོགས་ཞུགས་ཀྱི་བུད་མེད་འཐུས་མི་དང་ཨུ་ཡོན་རྣམ་པར་མཚར་སྡུག་བཀྲ་བའི་མེ་ཏོག་འབུལ་རྒྱུ་མ་ཟད་དུས་ཆེན་གྱི་སྨོན་འདུན་ཞུས་པ་ཡིན།

འདིར་མནན་ན་ནང་དོན་ཆ་ཚང་ལ་བལྟ་ཐུབ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།