ཏང་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དབུལ་ཕོངས་མང་ཚོགས་དང་དབུལ་ཕོངས་ས་ཁུལ་ལ་གནའ་ནས་ཐུགས་ཁུར་དང་མཐོང་ཆེན་བྱེད་བཞིན་ཡོད་ཅིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གང་མང་དུ་རྟོག་ཞིབ་ཏུ་ཕེབས་ཏེ། དབུལ་སྐྱོར་འགག་སྒྲོལ་བྱ་བར་མཛུབ་སྟོན་རབ་དང་རིམ་པ་གནང་ཡོད། ཡུན་ནན་དང་ཀུའེ་ཀྲོའུ་ཞིང་ཆེན་གཉིས་སུ་གྲངས་ཉུང་མི་རིགས་ཁྱབ་ཚད་རྒྱ་ཆེ་ཞིང་དབུལ་སྐྱོར་ལས་འགན་དཀའ་ཚེགས་ཆེ། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་མི་རིགས་རླུང་འཕྲིན་གྱི་གསར་འགོད་པའི་ཚོགས་གཞི་རིམ་དུ་ཟབ་མོར་ཞུགས་ཏེ་ས་གནས་དེ་དག་གིས་ལོ་མང་པོའི་རིང་དབུལ་སྐྱོར་འགག་སྒྲོལ་བྱ་བའི་ཁྲོད་ཡུལ་དུས་དང་བསྟུན་ཏེ་འཕེལ་རྒྱས་དོན་གཉེར་བྱེད་ཚུལ་དང་། ཧུར་ཐག་གིས་མང་ཚོགས་ལ་སྣེ་ཁྲིད་བྱས་ཏེ་དབུལ་ཐར་ཕྱུག་འགྱུར་བྱེད་པའི་བརྒྱུད་རིམ་དང་གྲུབ་འབྲས་རྣམས་ཟིན་ཐོར་བཀོད་ཡོད།