བར་སྣང་ནས་ཀྲུང་གོ་བརྙན་ལེན་པ། ལེའུ་བརྒྱད་པ།
སྤེལ་བའི་དུས་ཚོད། : 2019-07-18 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གཤམ་གྱི་བརྙན་ཆ་ཚང་ལ་གཟིགས་རོགས་ཞུ།

WiFiཡོད་དུས་གཟིགས་ན་འཚམ།

ལེའུ་བརྒྱད་པ།
8

ཝེ་བྱང་མའི་དུས་སྐབས་ཀྱི་གྲོང་རྡལ་ཞིག་སྟེ། ཨེར་ཧྥུན་ཙེ་གནའ་མཁར་གྱི་རྗེས་ཤུལ།

ཨེར་ཧྥུན་ཙེ་གནའ་མཁར་གྱི་རྗེས་ཤུལ་ནི་ནང་སོག་རང་སྐྱོང་ལྗོངས་དབུས་རྒྱུད་ཀྱི་ཝུའུ་ཁྲོན་རྫོང་ཨེར་ཧྥུན་ཙེ་ཤང་དུ་གནས་པ་དང་། གནའ་མཁར་གྱི་ཕྱིའི་རྣམ་པ་གྲུ་བཞི་དབྱིབས་སུ་མངོན་པ་དང་། ཤར་བྱང་ཟུར་ཁོ་ནར་ལྟེབ་ཟུར་ཞིག་ཡོད།

གནའ་མཁར་གྱི་རྩིག་པ་བཞི་མང་ཆེ་བ་སྲུང་སྐྱོབ་ཡག་པོ་ཐུབ་ཡོད་པ་དང་། ཤར་ལྷོའི་ཟུར་ཁོ་ན་ཆུས་གཏོར་ཟིན་པ་དང་། ཐོག་མའི་ཚོད་དཔག་ལྟར་ན་དེ་ཝེ་བྱང་མའི་གྲོང་རྡལ་དྲུག་གི་ཡ་གྱལ་ཝུའུ་ཁྲོན་གྲོང་རྡལ་གྱི་གནས་ཡུལ་ཡིན་པ་རེད།