རྩོམ་སྒྲིག་པའི་གཏམ།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༩༠ལྷག་སོང་བའི་འབད་འཐབ་ལོ་རྒྱུས་ནང་། མཚན་སྙན་བསྐལ་བརྒྱར་གནས་པའི་གྲངས་ཉུང་མི་རིགས་ཀྱི་མི་སྣ་འབོར་ཆེན་ཞིག་ཐོན་ཡོད། ཁོང་རྣམ་པའི་ཁྲོད་དུ། འགའ་ཤས་ནི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཡིན། འགའ་ཤས་ནི་གྲགས་ཅན་གྱི་དུས་མཚམས་སྔོན་མའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཡིན། འགའ་ཤས་ནི་གྲགས་ཅན་གྱི་ལྗར་འགོག་མི་རིགས་དཔའ་བོ་ཡིན། འགའ་ཤས་ནི་ཀྲུང་གོ་གསར་པའི་རྒྱལ་འཛུགས་མཛད་རྗེས་འཇོག་མཁན་དང་གྲགས་ཅན་དམག་དཔོན་ཡིན། འགའ་ཤས་ནི་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ཡོད་པའི་རིགས་གཅིག་མཁས་པ་དང་རིག་གནས་པ་ཡིན། འགའ་ཤས་ནི་ཀུན་གྱིས་ཤེས་པའི་དཔའ་བོ་དཔེ་བཟང་ཡིན་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱ་རྒྱུར་བསུ་བ་ཞུ་རྒྱུ་དང་། ལོ་ངོ་༩༠ལྷག་གི་རིང་གྲངས་ཉུང་མི་རིགས་ཀྱི་ཏང་གི་ལོ་རྒྱུས་མི་སྣས་ཀྲུང་གོའི་...>>>>