རྨ་ལྷོ་ཁུལ་གྱིས་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  རྒྱལ་ཡོངས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་དགའ་སྤྲོའི་རྟེན་འབྲེལ་ཞུ་བ་དང་། ཏང་ཡོངས་ནས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་སྐབས་འདིར། སྤྱི་ཟླ་9པའི་ཚེས་10ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུད་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་ཏང་གི་རྗེས་སུ་འབྲངས། འགན་འཁྲི་ཡིད་ལ་བརྟན་པོར་ངེས་ནས་ཡང་བསྐྱར་ལམ་ལ་ཆས་ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོ་བྱེད་སྒོ་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ནང་གཟབ་རྒྱས་ངང་སྤེལ་ཡོད་པ་རེད།   

ཚོགས་རའི་ཡུལ་དངོས། 

 བྱེད་སྒོའི་མདོ་འཛིན་པ། 

 ཀྲུང་གུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུད་ཀྱི་ཧྲུའུ་ཅི་ཝང་ཀྲིན་ཁྲང་གིས་ཤིས་ཚིག་གནང་བཞིན་པ། 

 ཚོགས་ཞུགས་ཏང་ཡོན་རྒན་གྲས་ཀྱི་འཐུས་མི། 

   རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཡོན་དང་ལས་བྱེད་པ་600ལྷག་དང་། ལས་བྱེད་པ་རྒན་གྲས་8  ངལ་རྩོལ་དཔེ་བཟང་པ།  ཀུན་སྤྱོད་མིག་དཔེ་4 རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་ཏང་རྩ་འཛུགས་983གྱི་ཏང་ཡོན་16000ལྷག་ཙམ་བཅས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོའི་ནང་ཞུགས་ཡོད་པ་དང་བྱེད་སྒོ་ཆ་ཚང་དྲ་ཐོག་ནས་ཐད་གཏོང་བྱས་ཡོད།  

ཚོགས་རའི་རྣམ་པ། 

 བྱེད་སྒོའི་སྟེང་ཏང་ལ་བསྟོད་གླུ་འབུལ་བཞིན་པ། 

  བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོའི་ཐོག་སྙན་ངག་གྱེར་འདོན་དང་།  གླུ་དབྱངས།  ཞབས་བྲོ་བཅས་འཁྲབ་སྟོན་བྱས་པ་དང་།   བྱེད་སྒོ་སྤེལ་ཡུལ་དངོས་སུ་དགུང་ལོ་88ལ་ཕེབས་པའི་དམར་དམག་རྒན་གྲས་བློ་མཐུན་ཀྲང་པོ་ཡུས་ཀྱིས་སྣེ་ཁྲིད་ནས་བྱེད་སྒོ་སྤེལ་ཡུལ་དུ་གུང་ཁྲན་ཏང་ཡོན་ཚང་མས་མགྲིན་གཅིག་ཏུ་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག    བྱེད་སྒོའི་ཐོག་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུད་དང་རྨ་ལྷོ་ཁུལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་10དང་། ཆེས་བཟང་ཤོས་ཀྱི་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་10 འགན་འཁྲི་ཕྲག་ཏུ་འཁུར་བའི་ལས་བྱེད་པ་བཟང་པོ10བཅས་ལ་གཟེངས་བསྟོད་གཟབ་རྒྱས་གནང་ཡོད་པ་རེད།

 བྱས་རྗེས་ཅན་ལ་གཟེངས་བསྟོད་གནང་བཞིན་པ། 

 གཟེངས་བསྟོད་གནང་བཞིན་པ། 

    ཤེས་རྟོགས་བྱུང་བར་གཞིགས་ན།  ཐེངས་འདིའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་དང་བསྟུན་ནས།  སྤྱི་ཚེས་10ཉིན་གྱི་སྔ་དྲོ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་སྐབས་དང་པོའི་ཕྱོགས་བསྡོམས་དང་སྐབས་གཉིས་པ་བཀོད་སྒྲིག་གི་སྐུལ་སློང་ཚོགས་འདུ་འཚོགས་པ་དང་།  ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་བརྒྱུད་དེ་རྨ་ལྷོ་བོད་རང་སྐྱོང་ཁུལ་གྱི་ལས་རིགས་སོ་སོར་བརྒྱུད་བསྒྲགས་བྱས་ཡོད་པ་རེད།  

ཏང་ཡོན་རྣམས་ཀྱིས་བསྐྱར་དུ་དམ་བཅའ་འཇོག་བཞིན་པ། 

 ང་དང་ངའི་མེས་རྒྱལ་ངག་ལ་གྱེར་བཞིན་པ། 

   མཚོ་སྔོན་རྨ་ལྷོ་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་རིགས་ཁག་གི་ལས་བྱེད་པ་རྣམས་དམར་མདངས་བཀྲ་བའི་ཏང་གི་དར་དམར་འོག་ཏུ་འཛོམས་ནས།    མཉམ་དུ་ཉིན་བཞིན་ཡར་ངོའི་ཟླ་ལྟར་དར་རྒྱས་གོང་འཕེལ་འགྲོ་བཞིན་པའི་རླབས་ཆེན་གྱི་མེས་རྒྱལ་ལ་བསྟོད་གླུ་བླངས་པ་དང་ཀྲུང་གོའི་གུང་ཁྲན་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ལ་བརྩེ་བ་ཟབ་མོས་ཕྱིར་དྲན་བྱས་པ། དུས་རབས་གསར་པའི་བདེ་སྐྱིད་ཀྱི་འཚོ་བར་རེ་བ་འཆང་ལུགས་མཚོན་པ་བྱས་ཡོད། འདི་ནི་མཚོ་སྔོན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་རིགས་ཁག་གི་མང་ཚོགས་ཀྱིས་ཏང་ལ་གུས་བཀུར་དང་། རླབས་ཆེན་མེས་རྒྱལ་ལ་བློ་དཀར་སེམས་དཀར་གྱིས་དགའ་ཞེན་ཚད་མེད་བྱེད་བཞིན་ཡོད་པ་མཚོན་ཡོད་པ་རེད། 

 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།

ཞུ་དག སྐྱིད་པོ།

གསར་འགོད་པ་དང་པར་བ། རྡོ་ཐར།