ལྷ་ས་གྲོང་ཁྱེར་ནས་དགེ་རྒན་དུས་ཆེན་གྱི་གཟེངས་བསྟོད་བྱེད་སྒོ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འདི་ནི་ཟླ་9ཚེས་7ཉིན་གྱི་སྔ་དྲོར་གཟེངས་བསྟོད་བྱེད་སྒོའི་ཡུལ་དངོས་སུ་སློབ་མ་ཚོས་དགེ་རྒན་ལ་སྒོ་ངའི་བག་ལེབ་འབུལ་བ་དང་དུས་ཆེན་གྱི་སྨོན་འདུན་ཞུ་པའི་རྣམ་པ་ཡིན།

མི་དམངས་དྲ་བའི་འཕྲིན། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་ཞིག་གཏོད་པ་དང་། རྒྱ་ཆེའི་དགེ་རྒན་དང་ལས་བཟོ་བ་སློབ་གསོའི་བྱ་གཞག་སྒྲུབ་པར་སྐུལ་མ་བཏང་ནས། མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་སྒྲུབ་ཆེད། ཟླ་9ཚེས་7ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཁྱེར་གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ལྷ་ས་གྲོང་ཁྱེར་གྱི་མཐོ་རིམ་ལས་རིགས་སློབ་གྲྭ་གཉིས་པར་ལྷ་ས་གྲོང་ཁྱེར་གྱི་དགེ་རྒན་དུས་ཆེན་ཐེངས་35པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས་ནས་ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་བྱ་བའི་སྔོན་ཐོན་དཔེ་བཟང་དགེ་རྒན་ལ་གཟེངས་བསྟོད་བྱས་པ་རེད། དེའི་རྗེས་སུ་རྒྱ་ཆེའི་དགེ་སློབ་ཚོས་མཉམ་དུ་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་ནས། རྒྱ་ཆེའི་དགེ་རྒན་ཚོས་ངག་སློབ་དཔེ་སྟོན་བྱ་རྒྱུ་དང་བློ་རྩེ་གཅིག་སྒྲིམ་ངང་སློབ་མ་གསོ་སྐྱོང་བྱ་རྒྱུ་དང་། མི་དམངས་ཀྱི་བློ་ལ་འབབ་པའི་སློབ་གསོ་སྒྲུབ་རྒྱུ་བཅས་ལ་སྐུལ་མ་བཏང་བ་རེད།