ཞོ་སྟོན་རིང་ལྷ་སར་ལྷ་མོ་འཁྲབ་སྟོན་ཐེངས་མང་བྱེད་རྒྱུ་ཡིན་པ།
སྤེལ་བའི་དུས་ཚོད། : 2019-08-22 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཞོ་སྟོན་རིང་། བོད་ལྗོངས་ཀྱིས“ལྗོངས་ཡོངས་ཀྱི་ལྷ་མོའི་འཁྲབ་སྟོན་སྐབས་བརྒྱད་པ”དང“ལྷ་མོའི་རྣམ་ཐར་འཁྲབ་སྟོན”གར་སྟེགས་འཁྲབ་གཞུང་དུ་སྒྲིག་བཟོ་བྱས་པའི་སྲོལ་རྒྱུན་གྱི་ལྷ་མོ“གཟུགས་ཀྱི་ཉི་མའི”ཆེད་དོན་འཁྲབ་སྟོན་སོགས་ཞོ་སྟོན་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་། འཁྲབ་སྟོན་བྱ་ཡུལ་ནོར་བུ་གླིང་ཁ་དང་། རྫོང་རྒྱབ་ཀླུ་ཁང་། རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ཟློས་གར་ཁང་། རང་སྐྱོང་ལྗོངས་ལྷ་མོའི་སྒྱུ་རྩལ་ལྟེ་གནས་བཅས་སུ་རེད།

  ད་ལོའི་ལྷ་སའི་ཞོ་སྟོན་རིང་། རང་སྐྱོང་ལྗོངས་རིག་གནས་ཐིང་གིས་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པར་ཟླ་8ཚེས་31ཉིན་ནས་ཟླ་9ཚེས་2ཉིན་གྱི་དགོང་མོ་བར། ལྷ་མོའི་སྒྱུ་རྩལ་ལྟེ་གནས་སུ་གར་སྟེགས་འཁྲབ་གཞུང་དུ་སྒྲིག་བཟོ་བྱས་པའི་སྲོལ་རྒྱུན་གྱི་ལྷ་མོ“གཟུགས་ཀྱི་ཉི་མ”འཁྲབ་སྟོན་བྱེད་དུ་འཇུག་པ་ཕུད། ད་དུང་སྐབས་གོང་མའི་འགྲན་བསྡུར་ཆེ་མོར་བྱ་དགའ་རིམ་པ་དང་པོ་དང་གཉིས་པ་སོགས་ཐོབ་པའི་ལྷ་ས་དང་། ལྷོ་ཁ། གཞིས་རྩེ། མངའ་རིས་སོགས་ཀྱི་དམངས་ཁྲོད་ལྷ་མོའི་རུ་ཁག་གིས། དུས་ཡུན་ཉིན་བདུན་རིང་གི་སྟོན་གྱི་ལྷ་མོའི་འཁྲབ་སྟོན་བྱེད་སྒོར་ཞུགས་རྒྱུ་རེད། དེ་དང་དུས་མཚུངས། རང་ལྗོངས་ཀྱིས་ད་དུང་དམངས་ཁྲོད་ཀྱི་ལྷ་མོའི་སྒྱུ་རྩལ་བ་དང་དེ་བཞིན་ལྷ་མོར་དགའ་པོ་ཡོད་མཁན་ཚོས་ཟླ་9ཚེས་3ཉིན་གྱི་དགོང་མོ་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གི་ཟློས་གར་ཁང་དུ་འཁྲབ་སྟོན་བྱེད་རྒྱུ་རེད། སྐབས་དེ་དུས་ལྷ་མོའི་དམངས་ཁྲོད་སྒྱུ་རྩལ་བ་340དང་དེ་བཞིན་ཆེད་ལས་ཀྱི་འཁྲབ་སྟོན་པ་70ཡིས་རྒྱལ་ཁབ་ཕྱི་ནང་གི་གཟིགས་མོ་བ་ཚོར་ལྷ་མོའི་སྒྱུ་རྩལ་གྱི་ཁྱད་དུ་འཕགས་པའི་ཡིད་དབང་འཕྲོག་ཤུགས་དང་རང་ལྗོངས་ཀྱི་ལྷ་མོའི་སྲོལ་རྒྱུན་སྲུང་སྐྱོང་གི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཐབས་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་དགའ་སྤྲོ་དང་འཆམ་མཐུན་གྱི་རིག་གནས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུ་རེད།

  གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔའི་བར། ལྗོངས་ཡོངས་སུ་རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་ལྷ་མོའི་རྣམ་གྲངས་8དང་། རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་ལྷ་མོའི་རྣམ་གྲངས་12 རྒྱལ་ཁབ་རིམ་པའི་མཚོན་བྱེད་རང་བཞིན་གྱི་ལྷ་མོའི་རྒྱུན་འཛིན་པ་12 རང་སྐྱོང་ལྗོངས་རིམ་པའི་མཚོན་བྱེད་རང་བཞིན་གྱི་ལྷ་མོའི་རྒྱུན་འཛིན་པ་11བཅས་ཡོད་ལ། ད་དུང་དམངས་ཁྲོད་ལྷ་མོའི་རྒྱུན་འཛིན་ས་ཚིགས་140ལྷག་ཙམ་ཡོད་པ་རེད། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།