མངའ་རིས་ཀྱི་དམངས་གཉེར་ཁེ་ལས་ཀྱིས་ཁ་གཏད་རོགས་སྐྱོར་བྱས་ནས“དབུལ་སྒྲོལ་སྒྲོན་མེ”སྤར་བ།
སྤེལ་བའི་དུས་ཚོད། : 2019-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མངའ་རིས་ས་ཁུལ་གྱིས་2016ལོར“ཁེ་ལས་བཅུ་ཡིས་གྲོང་ཚོ་བཅུ་ལ་རོགས་སྐྱོར་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་སྤེལ་ཚུན། དམངས་གཉེར་ཁེ་ལས་ཀྱིས་དེའི་ནང་ཧུར་ཐག་ཞུགས་པ་དང་སྤྱི་ཚོགས་ལ་དྲིན་ལན་འཇལ་ཏེ་མང་ཚོགས་དབུལ་པོར“སྙིང་སྟོབས་ཆེ་རུ་བཏང་ནས་དབུལ་སྒྲོལ་སྒྲོན་མེ་སྤོར་རྒྱུར”རོགས་རམ་བྱས་པས་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིཌ་ན། མངའ་རིས་ས་ཁུལ་གྱིས“ཁེ་ལས་བཅུ་ཡིས་གྲོང་ཚོ་བཅུ་ལ་རོགས་སྐྱོར་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་སྤེལ་རིང་། དམངས་གཉེར་ཁེ་ལས་ཀྱིས་མ་དངུལ་དང་། ལས་ཞུགས། ལག་རྩལ། སྤྱི་ཕན། ཚོང་དོན་སོགས་ཀྱི་རྣམ་པ་བརྒྱུད་དབུལ་སྐྱོར་ལས་དོན་ནང་ཧུར་ཐག་ཞུགས་པ་དང་ཞིང་འབྲོག་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་ཡངས་སུ་དང་ཡོང་འབབ་མང་དུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་མང་ཚོགས་ཚོར“ལམ་སྟོན་སྒྲོན་མེ”སྤར་ཡོད། དམངས་གཉེར་ཁེ་ལས་8ཀྱིས་གྲོང་ཚོ་དབུལ་པོ་དང་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཞག་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་འགན་ལེན་བྱས་ཡོད་ཅིང་། མིག་སྔའི་བར་ཁྱོན་བསྡོམས་རོགས་སྐྱོར་མ་དངུལ་སྒོར་ཁྲི་2585དོན་འཁྱོལ་བྱས་པ་དེའི་ཕན་པ་མི་གྲངས་4700ལ་ཐོབ་པ་དེའི་ནང་ཐོན་ལས་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་195བཏང་བ་དེའི་ཕན་པ་མི་གྲངས་772ལ་ཐོབ་པ་དང་། ཚོང་དོན་ལ་རོགས་སྐྱོར་མ་དངུལ་སྒོར་ཁྲི་1414.42བཏང་བ་དེའི་ཕན་པ་མི་243ལ་ཐོབ་པ། ལས་ཞུགས་རོགས་སྐྱོར་ལ་མ་དངུལ་སྒོར་ཁྲི་520.04བཏང་བ་དེའི་ཕན་པ་མི་251ལ་ཐོབ་པ། སྤྱི་ཕན་རོགས་སྐྱོར་ལ་མ་དངུལ་སྒོར་ཁྲི་137.28བཏང་བ་དེའི་ཕན་པ་མི་2151ལ་ཐོབ་པ། རྩལ་ནུས་རོགས་སྐྱོར་ལ་མ་དངུལ་སྒོར་ཁྲི་6བཏང་བ་དེའི་ཕན་པ་མི་10ལ་ཐོབ་པ་དང་། རོགས་སྐྱོར་གཞན་དག་ལ་མ་དངུལ་སྒོར་ཁྲི་312.31བཅས་བཏང་ཡོད་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།