མཚོ་སྔོན་དངུལ་ཁང་གིས་ཞིང་ལས་དངུལ་བུན་གཞན་སྤྱོད་བྱས་པས་ཆད་པ་བཅད།
སྤེལ་བའི་དུས་ཚོད། : 2019-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དངུལ་སྲུང་ལྟ་སྐུལ་དྲ་ཚིགས་ཐོག་ཚེས7ཉིན་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་ཆད་གཅོད་ཆོད་ཡིག(བྱང་དངུལ་སྲུང་ལྟ་སྐུལ་ཆད་གཅོད་ཀྱི་ཆོད་ཡིག〔2019〕ཨང་དང་པོ)ཐོག་མངོན་པར་གཞིགས་ན། མཚོ་སྔོན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སིའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཡན་ལག་དངུལ་ཁང་གི་ཡིད་རྟོན་དངུལ་བུན་བེད་སྤྱོད་ཀྱི་ལྟ་སྐུལ་དམིགས་སར་འབྱོར་མེད་པ་དང་། དངུལ་བུན་གྱི“ཞིབ་བཤེར་གསུམ”གྱི་ལམ་ལུགས་ལག་བསྟར་ནན་པོ་མ་བྱས་པས་ཞིང་འབྲེལ་དངུལ་བུན་ཁག་ཅིག་ཁ་ཆད་བཞག་པ་ལྟར་ས་ཁང་བདག་ཁོངས་ཁྱབ་ཁོངས་སུ་སྤྱད་མེད་པ་རེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དྲུག་པར་གཞིགས་ནས། ཀྲུང་གོ་དངུལ་ཁང་ཉེན་འགོག་འགན་ལེན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་མཚོ་བྱང་ལྟ་སྐུལ་དོ་དམ་ཡན་ལག་ཅུས་ཀྱིས་དངུལ་ཁང་ལ་སྒོར་འབུམ་2དང་ཁྲི5ཡི་དངུལ་ཆད་གཅོད་རྒྱུའི་ཐག་བཅད།

《དངུལ་ཁང་ལས་རིགས་ལ་ལྟ་སྐུལ་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དྲུག་པར། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་བྱས་ནས་དངུལ་ཁང་ལས་རིགས་ལྟ་སྐུལ་དོ་དམ་སྒྲིག་གཞི་དེར་ཡོ་བསྲང་བྱེད་དུ་འཇུག་རྒྱུ་དང་། སྒོར་ཉིས་འབུམ་ཡན་ནས་ལྔ་འབུམ་མན་བར་གྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་པ་ཧ་ཅང་ཚབས་ཆེ་བའམ་དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ན། དེར་ལས་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་པའམ་དེའི་གཉེར་སྐྱོང་ལག་ཁྱེར་ཕྱིར་འཐེན་བྱས་ནས། བྱས་ཉེས་སུ་གྲུབ་པའི་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།
གཅིག འགན་འཁུར་ཐོབ་ཐང་ལ་ཞིབ་བཤེར་བྱས་མེད་པར་ལས་འཛིན་པ་དང་མཐོ་རིམ་དོ་དམ་པ་བསྐོ་གཞག་བྱས་པ།
གཉིས། ལས་ཡུལ་དངོས་སུ་མ་སོང་བར་ལྟ་སྐུལ་དོ་དམ་བྱེད་པའམ་ལས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་དང་ལེན་མ་བྱས་པའམ་བཀག་འགོག་བྱས་པ།
གསུམ། སྙན་ཐོའི་རེའུ་མིག་དང་སྙན་ཞུ་སོགས་ཡིག་ཆ་དང་དཔྱད་གཞིའི་ཡིག་རིགས་རྫུན་མའམ་དོན་དངོས་གལ་ཆེན་སྦ་གསང་བྱས་པ།
བཞི། གཏན་འབེབས་ལྟར་ཆ་འཕྲིན་ཕྱིར་བསྒྲགས་བྱས་མེད་པ།
ལྔ། གཉེར་སྐྱོང་གཟབ་ནན་བྱ་རྒྱུའི་སྐོར་གྱི་སྒྲིག་ལམ་དང་འགལ་བའི་རིགས།
དྲུག བཅའ་ཁྲིམས་འདིའི་དོན་ཚན་སོ་བདུན་པའི་ནང་གཏན་འབེབས་བྱས་པའི་བྱ་ཐབས་ལག་བསྟར་བཀག་འགོག་བྱེད་པའི་རིགས།

ཡོང་ཁུངས། ཨ་མདོ་སྨྱན་གསར།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།