འཛམ་གླིང་ཐོག་སྟོངས་ལ་ཉེ་བའི་སྲོག་ཆགས་གསའ་ཚ་འདམ་གཤོང་ས་ནས་ཐོན་པ།
སྤེལ་བའི་དུས་ཚོད། : 2019-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཁུལ་གྱི་མདོ་ལ་རྫོང་གི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དོ་དམ་ཁང་གི་ལས་དོན་མི་སྣ་དང་མདོ་ལ་རྫོང་གི་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་མངའ་ཁོངས་ཀྱི་ཧུང་ཧྲུའེ་ཁྲོན་ས་ཁུལ་དུ་མཉམ་འབྲེལ་སྐོར་སྲུང་བྱེད་སྐབས་གསའ་6ཁྱུ་སྒྲིག་ནས་འགྲོ་བ་མཐོང་བ་རེད།

གསའ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་ཞིང་། འཚོ་གནས་བྱེད་ས་མང་ཤོས་ནི་རི་ཁུལ་དང་མཐོ་སྒང་ཡིན་ལ། སྤྱི་བཏང་བྱས་ན་ཁྱུ་སྒྲིག་ནས་འཚོ་སྡོད་བྱེད་ཀྱི་ཡོད། དུས་རྒྱུན་དུ་སྐོར་རྒོལ་གྱི་རྣམ་པའི་ཐོག་ནས་རི་དྭགས་བསད་དེ་ཟ་ཡི་ཡོད།

ཡོང་ཁུངས། མི་དམངས་དྲ་བ།