ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་(རྔ་བའི་ལམ་མཚམས)ལ་སྡོམ་པས་མ་དངུལ་སྒོར་དུང་ཕྱུར146.66བཏང་།
སྤེལ་བའི་དུས་ཚོད། : 2019-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་4བའི་བར་དུ་ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ(རྔ་བའི་ལམ་མཚམས)ལ་སྡོམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་146.66བཏང་ཡོད་ཅིང་། དེའི་ནང་ད་ལོའི་ཟླ1ནས་ཟླ4བའི་བར་དུ་མ་དངུལ་སྒོར་དུང་ཕྱུར་2.11བཏང་ཡོད།

  རྒྱུས་ལོན་བྱུང་བར་གཞིགས་ན། ལས་མགོ་བཟུང་བ་ནས་ད་བར་དུ་ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ(རྔ་བའི་ལམ་མཚམས)གྱི་ཕུག་ལམ15ཚང་མ་ལས་མགོ་བཟུང་ཡོད་ཅིང་། སྡོམ་རྩིས་བྱས་ན་སྨི་213098.41བརྐོས་ཡོད་ཅིང་། དེས་ཇུས་འགོད་བསྡོམས་འབོར་གྱི་89.99%ཟིན་ཡོད། ཆེས་ཆེ་བའི་ཟམ་ཆེན་དང་ཟམ་ཆེན། ཟམ་པ་འབྲིང་བ། ཟམ་པ་ཆུང་བ་བཅས་ཁྱོན་ཟམ་པ་36སྐྲུན་མགོ་བཟུང་བ་དང་།སྡོམ་རྩིས་བྱས་ན་ཟམ་པ་སྨི་16632.32བསྐྲུན་པ་རེད། དེས་ཇུས་འགོད་བསྡོམས་འབོར་གྱི་98%ཟིན་ཡོད། སྒྲོམ་གཞིའི་ཟམ་པ3སྐྲུན་མགོ་ཚུགས་པ་དང་སྡོམ་རྩིས་བྱས་ན་སྨི་གྲུ་བཞི་མ་927སྐྲུན་ཚར་ཡོད་ཅིང་། དེས་ཇུས་འགོད་བསྡོམས་འབོར་གྱི་90.4%ཟིན་ཡོད། ལས་མགོ་ཚུགས་པའི་སྒྲོམ་གཞི་(ཁེབས་པང)12ཡོད་པ་དང་སྡོམ་རྩིས་བྱས་ན་འཕྲེད་བསྲིངས་སྨི་718.84ཡོད་ཅིང་། དེས་ཇུས་འགོད་བསྡོམས་འབོར་གྱི་84.4%ཟིན་ཡོད། ལམ་གཞི་དུམ་བུ་13སྐྲུན་མགོ་ཚུགས་པ་དང་བསྡོམས་རྩིས་བྱས་ན་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་487.15ལེགས་གྲུབ་བྱུང་ཡོད་པ་དེས་ཇུས་འགོད་བསྡོམས་འབོར་གྱི་92.74%ཟིན་ཡོད།

  ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ(རྔ་བའི་ལམ་མཚམས)གྱི་ལམ་ཐིག་ཧྲིལ་པོར་ཐིག་དམར་ནང་གི་ཡུན་རིང་བཀོལ་ཆོག་པའི་ས་མུའུ་3413.98བསྡུ་སྤྱོད་བྱས་ཡོད་པ་དང་། ཐིག་དམར་ཕུད་པའི་ཡུན་རིང་བཀོལ་ཆོག་པའི་ས་མུའུ་152.29དང་། གནས་སྐབས་སུ་བཀོལ་ཆོག་པའི་ས་མུའུ་7884.1། བཀོད་སྒྲིག་བྱ་ཡུལ་གྱི་ས་མུའུ་733.03བསྡུ་སྤྱོད་བྱས་ཡོད་པ་དང་། གནས་སྤོར་བཀོད་སྒྲིག་བྱ་དགོས་པའི་ཁྱིམ་ཚང་748ཡོད།

  རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཟླ་4བའི་བར་དུ་ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ(རྔ་བའི་ལམ་མཚམས)ལ་སྡོམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་146.66བཏང་ཡོད་ཅིང་། དེའི་ནང་ད་ལོའི་ཟླ1ནས་ཟླ4བའི་བར་དུ་མ་དངུལ་སྒོར་དུང་ཕྱུར་2.11བཏང་ཡོད།

  རྒྱུས་ལོན་བྱུང་བར་གཞིགས་ན། ལས་མགོ་བཟུང་བ་ནས་ད་བར་དུ་ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ(རྔ་བའི་ལམ་མཚམས)གྱི་ཕུག་ལམ15ཚང་མ་ལས་མགོ་བཟུང་ཡོད་ཅིང་། སྡོམ་རྩིས་བྱས་ན་སྨི་213098.41བརྐོས་ཡོད་ཅིང་། དེས་ཇུས་འགོད་བསྡོམས་འབོར་གྱི་89.99%ཟིན་ཡོད། ཆེས་ཆེ་བའི་ཟམ་ཆེན་དང་ཟམ་ཆེན། ཟམ་པ་འབྲིང་བ། ཟམ་པ་ཆུང་བ་བཅས་ཁྱོན་ཟམ་པ་36སྐྲུན་མགོ་བཟུང་བ་དང་།སྡོམ་རྩིས་བྱས་ན་ཟམ་པ་སྨི་16632.32བསྐྲུན་པ་རེད། དེས་ཇུས་འགོད་བསྡོམས་འབོར་གྱི་98%ཟིན་ཡོད། སྒྲོམ་གཞིའི་ཟམ་པ3སྐྲུན་མགོ་ཚུགས་པ་དང་སྡོམ་རྩིས་བྱས་ན་སྨི་གྲུ་བཞི་མ་927སྐྲུན་ཚར་ཡོད་ཅིང་། དེས་ཇུས་འགོད་བསྡོམས་འབོར་གྱི་90.4%ཟིན་ཡོད། ལས་མགོ་ཚུགས་པའི་སྒྲོམ་གཞི་(ཁེབས་པང)12ཡོད་པ་དང་སྡོམ་རྩིས་བྱས་ན་འཕྲེད་བསྲིངས་སྨི་718.84ཡོད་ཅིང་། དེས་ཇུས་འགོད་བསྡོམས་འབོར་གྱི་84.4%ཟིན་ཡོད། ལམ་གཞི་དུམ་བུ་13སྐྲུན་མགོ་ཚུགས་པ་དང་བསྡོམས་རྩིས་བྱས་ན་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་487.15ལེགས་གྲུབ་བྱུང་ཡོད་པ་དེས་ཇུས་འགོད་བསྡོམས་འབོར་གྱི་92.74%ཟིན་ཡོད།

  ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ(རྔ་བའི་ལམ་མཚམས)གྱི་ལམ་ཐིག་ཧྲིལ་པོར་ཐིག་དམར་ནང་གི་ཡུན་རིང་བཀོལ་ཆོག་པའི་ས་མུའུ་3413.98བསྡུ་སྤྱོད་བྱས་ཡོད་པ་དང་། ཐིག་དམར་ཕུད་པའི་ཡུན་རིང་བཀོལ་ཆོག་པའི་ས་མུའུ་152.29དང་། གནས་སྐབས་སུ་བཀོལ་ཆོག་པའི་ས་མུའུ་7884.1། བཀོད་སྒྲིག་བྱ་ཡུལ་གྱི་ས་མུའུ་733.03བསྡུ་སྤྱོད་བྱས་ཡོད་པ་དང་། གནས་སྤོར་བཀོད་སྒྲིག་བྱ་དགོས་པའི་ཁྱིམ་ཚང་748ཡོད།

  རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།