བོད་ལྗོངས་ཀྱིས་གནོད་འཚེ་འགོག་སེལ་ནུས་པ་ཆེ་རུ་བཏང་ནས་ཚེ་སྲོག་གི་བདེ་འཇགས་འགན་སྲུང་བྱས།
སྤེལ་བའི་དུས་ཚོད། : 2019-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཟླ5པའི་ཚེས12ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་གེགས་སེལ་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་གེགས་སེལ་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་གཏོགས་ཚན་པས། ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་ཟླ5བའི་ཚེས12ཉིན་གྱི་གནོད་འཚེ་འགོག་སེལ་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

  བྱེད་སྒོ་སྤེལ་ཡུལ་དུ། ལས་དོན་པ200ལྷག་གིས་གནོད་འཚེ་འགོག་སེལ་ནུས་པ་ཆེ་རུ་བཏང་ནས་ཚེ་སྲོག་གི་བདེ་འཇགས་འགན་སྲུང་བྱེད་ཅེས་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་དང་སྦྱར་ཡིག་འགེལ་བ། འགྲེམས་སྟེགས་འཛུགས་པ། བློ་འདྲི་དང་ལེན་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་གནོད་འཚེ་འགོག་སེལ་གྱི་ཤེས་བྱ་དྲིལ་བསྒྲགས་ཁྱབ་གདལ་བཏང་ནས་གནོད་འཚེ་འགོག་སེལ་གྱི་ནུས་པ་ཆེ་རུ་བཏང་ཡོད། །

  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཟླ5པའི་ཚེས12ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་གེགས་སེལ་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་གེགས་སེལ་ཨུ་ལྷན་གྱི་འབྲེལ་ཡོད་ཁོངས་གཏོགས་ཚན་པས། ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་ཟླ5བའི་ཚེས12ཉིན་གྱི་གནོད་འཚེ་འགོག་སེལ་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

  བྱེད་སྒོ་སྤེལ་ཡུལ་དུ། ལས་དོན་པ200ལྷག་གིས་གནོད་འཚེ་འགོག་སེལ་ནུས་པ་ཆེ་རུ་བཏང་ནས་ཚེ་སྲོག་གི་བདེ་འཇགས་འགན་སྲུང་བྱེད་ཅེས་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་དྲིལ་བསྒྲགས་དཔྱད་གཞི་སྤྲོད་པ་དང་སྦྱར་ཡིག་འགེལ་བ། འགྲེམས་སྟེགས་འཛུགས་པ། བློ་འདྲི་དང་ལེན་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་ལ་གནོད་འཚེ་འགོག་སེལ་གྱི་ཤེས་བྱ་དྲིལ་བསྒྲགས་ཁྱབ་གདལ་བཏང་ནས་གནོད་འཚེ་འགོག་སེལ་གྱི་ནུས་པ་ཆེ་རུ་བཏང་ཡོད། །

  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།