འཛུགས་སྐྲུན་དངུལ་ཁང་ཀན་ལྷོའི་ཡན་ལག་དངུལ་ཁང་གི་རོགས་སྐྱོར་ཚན་ཆུང་འབྲུག་ཆུའི་དབུལ་སྐྱོར་བྱེད་གནས་ལ་སོང་ནས་རོགས་སྐྱོར་བྱ་བ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-04-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། འཛུགས་སྐྲུན་དངུལ་ཁང་ཀན་ལྷོའི་ཡན་ལག་དངུལ་ཁང་གི་རོགས་སྐྱོར་ཚན་ཆུང་འབྲུག་ཆུ་རྫོང་ཆབ་འོག་ཤང་ཐང་མགོ་སྡེ་བར་སོང་ནས་རོགས་སྐྱོར་བྱ་བ་སྤེལ།

རོགས་སྐྱོར་ཚན་ཆུང་འཁོར་དང་བཅས་པ་སྡེ་བའི་ལས་བྱེད་པ་དང་སྡེ་དམངས་ཀྱི་ཁྱིམ་དུ་སོང་ནས་དུས་སྔོན་དུ་ཐོན་ལས་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི4བཏང་ནས་གཡེར་མའི་སྡོང་ཕྲུག་འདེབས་འཛུགས་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ན་ནིང་ལོར་མ་དངུལ་སྒོར་ཁྲི9.5བཏང་ནས་སྡེ་བ་རིམ་པའི་གཞུང་ལམ་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་བྱས། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་ལ་གཞིགས་ནས་དམིགས་ས་ཡོད་པའི་སྒོས་ཐོན་ལས་གོང་འཕེལ་དུ་གཏོང་བའི་རིག་ལམ་དང་བྱ་ཐབས་བཏོན།

རོགས་སྐྱོར་ཚན་ཆུང་དང་ཆབ་འོག་ཤང་ཏང་ཨུའི་ཧྲུའུ་ཅི། ལས་བགོས་ཧྲུའུ་ཅི་གཞོན་པ། སྡེ་བར་སྡོད་པའི་ལས་བྱེད་པ་དང་ཧྲུའུ་ཅི་དང་བོའི་བཞུགས་མོལ་ཚོགས་འདུ་ཚོགས་པ་དང་སྡེ་བར་བསྡད་དེ་རོགས་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། རོགས་སྐྱོར་བྱ་བའི་ཁྲོད་ཀྱི་དཀའ་ཁག་རྒྱུས་ལོན་བྱས་ནས་ཐོན་ལས་རོགས་སྐྱོར་བྱ་བའི་ཁྲོད་ཀྱི་བསམ་འཆར་དང་གྲོས་གཞི་དང་གོམ་སྟབས་རྗེས་མར“ཏང་འཛུགས +”བྱ་བའི་རིག་ལམ་བསྡུ་ལེན་བྱས།

རོགས་སྐྱོར་ཚན་ཆུང་གིས་བསྟན་པར། “སྔ་མོ་ནས་གཏོང་བ་དང་སྔ་མོ་ནས་གྲུབ་འབྲས་མཐོང་བ”དང“ཡུལ་བབ་དང་བསྟུན་པ”དང“ཁྱིམ་གཅིག་ཇུས་གཅིག”གི་རྩ་དོན་ལྟར། ད་ལོར་མུ་མཐུད་དུ་དབུལ་སྐྱོར་མ་དངུལ་སྒོར་ཁྲི 6བརྩོན་ལེན་བྱས་ནས་ཐོན་ལས་རོགས་སྐྱོར་བྱ་བ་ལེགས་པར་སྤེལ་རྒྱུའོ། །

ཡོང་ཁུངས། ཀན་ལྷོའི་ཉིན་རེའི་གསར་འགྱུར།