མཚོ་བོད་ལྕགས་ལམ་གྱི་ཕུག་ལམ་གཉིས་དང་ཟམ་ཆེན་གཅིག་གི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ད་ལོར་ལས་འགོ་བརྩམས་རྒྱུར་བརྩོན་ལེན་བྱེད་པ།
སྤེལ་བའི་དུས་ཚོད། : 2019-03-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། སི་ཁྲོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧྥན་པའོ་ཡིས་ཁྲེང་ཏུའུ་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་བཅར་འདྲི་ཞུས་པར་ལན་བུ་རྒྱག་སྐབས་གསུངས་དོན། མཚོ་བོད་ལྕགས་ལམ་གྱི་ཕུག་ལམ་གཉིས་དང་ཟམ་ཆེན་གཅིག་གི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ད་ལོར་ལས་འགོ་འཛུགས་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད་པ་རེད།

  ཁྲོན་བོད་ལྕགས་ལམ་ནི་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་གལ་ཆེ་བའི་འཐབ་ཇུས་བཀོད་སྒྲིག་ཡིན་ཞིང་། སི་ཁྲོན་དང་བོད་ལྗོངས། དེ་བཞིན་དུ་རྒྱལ་ཡོངས་ལ་དོན་སྙིང་གལ་ཆེན་ཡོད་པ་རེད། ཧྥན་པའོ་ཡིས་ལོ་འདིའི་ནང་ཕུག་ལམ་གཉིས་དང་ཟམ་ཆེན་གཅིག་གི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ལས་འགོ་འཛུགས་རྒྱུར་བརྩོན་ལེན་བྱས་མཐར། སྔོན་ཚོད་བྱས་ན་ཨར་ལས་རྒྱག་ཡུན་ལོ10ཡས་མས་ཡིན་པ་རེད། མིག་སྔར། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་དང་ལྕགས་ལམ་སྤྱི་ཁྱབ་སྤྱི་གཉེར་ཁང་གིས་འབྲེལ་ཡོད་པུའུ་ཨུ། སྡེ་ཚན་བཅས་དང་མཉམ་དུ་ཁྱོན་ཡོངས་ནས་ལས་འགོ་འཛུགས་རྒྱུའི་ལས་གཞིའི་སྔོན་འགྲོ་ལས་དོན་སྒྲུབ་བཞིན་ཡོད་ཅིང་། སི་ཁྲོན་ལ་ཆ་བཞག་ནས་བཤད་ན་ནུས་ཤུགས་ཡོད་རྒུས་ཕྱོགས་བསྡུས་མཐུན་སྦྱོར་དང་ཞབས་ཕྱི་འགན་སྲུང་གི་ལས་དོན་བསྒྲུབ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

  ཁྲོན་བོད་ལྕགས་ལམ་ནི་ཤར་རྒྱུད་ཁྲེང་ཏུའུ་ནས་འགོ་བཙུགས་ཏེ་གཡག་རྔ་དང་ཐེན་ཆོན་བརྒྱུད་ནས་དཀར་མཛེས་ཁུལ་དུ་འཇུག་པ་རེད། དར་མདོ་ལ་སོགས་པའི་ས་གནས་བརྒྱུད་ནས་བོད་ལྗོངས་ཆབ་མདོ་ལ་འཇུག་རྗེས་འཇོ་མདའ་དང་ཆབ་མདོ། སྤང་མདའ། དཔའ་ཤོད་བཅས་བརྒྱུད་ནས་ཉིང་ཁྲི་ལ་སླེབས་ཤིང་། སྤོ་མེས་དང་ཉིང་ཁྲི་བརྒྱུད་ནས་ལྷོ་ཁ་ས་ཁུལ་དུ་འཇུག་རྗེས། ཟངས་རི་དང་སྣེ་གདོང་། གངས་དཀར་བཅས་བརྒྱུད་ནས་ནུབ་རྒྱུད་ལྷ་སར་སླེབས་པ་རེད། དེའི་ནང་ཁྲེང་ཏུའུ་ནས་གཡག་རྔའི་བར་གྱི་ལྕགས་ལམ་བསྐྲུན་ཚར་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་བྱས་དང་བྱེད་བཞིན་ཡོད་ཅིང་། གཡག་རྔ་ནས་ཉིང་ཁྲིའི་བར་ལྕགས་ལམ་གྱི་རིང་ཚད་བསྡོམས་འབོར་ཧ་ལམ་སྤྱི་ལེ1000ཡོད་པ་དེའི་སྔོན་འགྲོའི་ལས་དོན་གོ་རིམ་ལྡན་པའི་ངང་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།།

  རྩོམ་སྒྲིག་པ། ཀླུ་མོ་མཚོ།