བོད་ལྗོངས་མངའ་རིས་ཀྱིས་ཁ་བ་བུ་ཡུག་ལ་ཁ་གཏད་བཅཌ་ནས་དཔྱིད་གསར་སྐྱེལ་འདྲེན་རིང་གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ།
སྤེལ་བའི་དུས་ཚོད། : 2019-01-29 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མངའ་རིས་ས་ཁུལ་གྱི་ལྷོ་ནུབ་རྒྱུད་དུ་ཁ་བ་ཆེན་པོ་བབས་པས། རྒྱལ་ལམ་565གི་པར་དམག་ཚུགས་ནས་རྩྭ་མདའ་བར་གྱི་གཞུང་ལམ་གྱི་K0+000ནས་K131+900བར་གྱི་ལམ་དུ་གངས་གསོག་ཚད་ལི་སྨི་40ཙམ་ཟིན་ནས་ལམ་འགག་ཡོད། བོད་རང་སྐྱོང་ལྗོངས་གཞུང་ལམ་ཅུས་མངའ་རིས་རྒྱལ་ལམ་དང་ཞིང་ཆེན་ལམ་བདག་སྐྱོང་ཚོགས་ཆུང་གིས་འཕྲལ་མར་དགུན་དུས་ཀྱི་གེགས་སེལ་དང་ལམ་ཤར་གཏོང་འགན་ལེན་གྱི་ཇུས་གཞི་བཏོན་ཏེ་དཔྱིད་གསར་སྐྱེལ་འདྲེན་རིང་གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།

མངའ་རིས་རྒྱལ་ལམ་དང་ཞིང་ཆེན་ལམ་བདག་སྐྱོང་ཚོགས་ཆུང་རྩྭ་མདའ་བཀོད་འདོམས་ལྟེ་གནས་ཀྱི་ལམ་སྐྱོང་ཁུལ་ཁག་གིས་འཕྲལ་མར་བཀའ་དང་ལེན་ཞུས་ནས་གངས་གསོག་ཐེབས་སར་གངས་བཤངས་ཏེ་གཞུང་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། གུག་ཆ་དོག་པོ་དང་། གྱེན་ཐུར། ལས་འཛོལ་ཐོན་མང་བ་སོགས་ཀྱི་ཉེན་ཁ་ཆེ་བའི་ལམ་དུམ་དུ་འདྲེད་འགོག་རྒྱུ་ཆ་དང་གངས་བཞུད་རྫས་གཏོར་བ་དང་། ཉིན་གསུམ་རིང་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་ཡོད།

མིག་སྔའི་བར་རྒྱལ་ལམ་565ཡི་པར་དམག་ཚུགས་ནས་རྩྭ་མདའ་བར་གྱི་གཞུང་ལམ་དུ་སྐོར་ཞིབ་རླངས་འཁོར་ཐེངས་20དང་མི་ཐེངས་100ལྷག་ཙམ་བཏང་སྟེ་གཞུང་ལམ་སྤྱི་ལེ་130ལྷག་ཙམ་དུ་གངས་གཤོང་འཁྱག་གཏོར་བྱས་པ་རེད། ལམ་ངོས་ཀྱི་གངས་གསོག་སྨི་རྒྱ་དཔངས་གྲུ་བཞི་མ་5600བཤངས་བ་དང་། འདྲེད་འགོག་རྒྱུ་ཆ་སྨི་རྒྱ་དཔངས་གྲུ་བཞི་མ་15000བཤོས་ཏེ་གཙོ་གནད་ཁྱབ་ཁོངས་ཁུལ་དུ་ཉེན་བརྡའི་མཚོན་རྟགས་ཚང་མ་བསྒར་ཡོད། གཞུང་ལམ་བདག་སྐྱོང་བ་ཚང་མས་མཉམ་དུ་འབད་འཐབ་བྱས་པ་བརྒྱུད། མིག་སྔར་གངས་གཤོང་འཁྱག་གཏོར་བྱས་ནས་གཞུང་ལམ་ཤར་གཏོང་གི་དུས་མཚམས་རང་བཞིན་གྱི་ལས་དོན་ལ་རྒྱལ་ཁ་ཐོབ་ཡོད། ལམ་དུམ་དེར་འགྲིམ་འགྲུལ་ལས་འཛོལ་དང་མི་སྣ་ཤི་རྨས་བྱུང་མེད་པ་དང་། ཁ་བ་བབས་རྗེས་ཉེན་འགོག་བདེ་བགྲོད་ལས་དོན་སྤེལ་སྒང་ཡིན་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།