བོད་ལྗོངས་དམག་ཁུལ་ཁང་གི་ཧྲི་ཤོག་དང་ལུས་ཤོག ཐོན་ཤོག་བཅས་རིམ་པའི་ཆབ་སྲིད་ལས་ཁུངས་ཀྱིས་བསླབ་པ་གསུམ་གྱི་དཔྱད་ཞིབ་བྱེད་སྒོ་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། བོད་ལྗོངས་དམག་ཁུལ་ཁང་གི་ཧྲི་ཤོག་དང་ལུས་ཤོག ཐོན་ཤོག་བཅས་རིམ་པའི་ཆབ་སྲིད་ལས་ཁུངས་ཀྱིས་བསླབ་པ་གསུམ་གྱི་འགྲན་བསྡུར་དཔྱད་ཞིབ་བྱེད་སྒོ་སྤྱི་ཚེས་༦ཉིན་ལྷ་ས་རུ་སྤེལ་བ་དང་། འབྲི་མཁས་པ་བརྒྱ་ལ་ཉེ་བ་ཙམ་གྱིས་ཁྱིམ་སྲུང་གི་ནུས་རྩལ་རྒྱུགས་བླངས་པ་མ་ཟད་དམག་རྒྱག་གི་རྩལ་ནུས་ཀྱང་བསྡུར་བ་རེད། མི་ཚང་མས་དམག་སྲིད་གཉིས་ལེགས་དང་། རིག་རྩལ་གཅིག་སྒྲིལ་ཅན་གྱི་དུས་རབས་གསར་བའི་ཆབ་སྲིད་ལས་བྱེད་པ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱས་ཡོད་པ་རེད།

ད་ལོ་ནས་བཟུང་། བོད་ལྗོངས་དམག་ཁུལ་ཁང་གི་ཧྲི་ཤོག་དང་ལུས་ཤོག ཐོན་ཤོག་བཅས་རིམ་པའི་ཆབ་སྲིད་ལས་ཁུངས་ཀྱིས་དམག་དོན་སློབ་སྦྱོང་དང་། མཛུབ་སྟོན་སློབ་སྦྱོང་། ཚན་རྩལ་སློབ་སྦྱོང་བཅས་ཀྱི་བསླབ་པ་གསུམ་གྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་དང་། རིམ་པ་དང་དུམ་མཚམས་དབྱེ་ནས་འགྲན་བསྡུར་བྱས་པ་དང་། ལོ་མཇུག་ཏུ་གཅིག་གྱུར་འགྲན་བསྡུར་བྱས་པ་བརྒྱུད་ནས། ལེ་བར་ཁྲི་ཕྲག་ཕ་རོལ་གྱི་མཐོ་སྒང་དུ་རྒྱུད་མཐུད་ངང་དྲག་རྩལ་འགྲན་པའི་ཚ་རླབས་འཕྱུར་ཡོད་པ་རེད།

བོད་ལྗོངས་དམག་ཁུལ་ཁང་གི་ཆབ་སྲིད་ལས་སྒྲུབ་པུའུ་ཡི་ཀྲུའུ་རེན་ལི་ཝུན་ཕིང་གིས། བྱེད་སྒོ་འདི་སྤེལ་བའི་དམིགས་ཡུལ་ནི་ཆབ་སྲིད་ལས་སྒྲུབ་སྡེ་ཁག་གི་དམག་སྦྱོང་དམག་གྲབས་ཀྱི་ཕན་ཁེ་ཟབ་ཏུ་གཏོང་བ་དང་། རྒྱུགས་ལེན་དང་སྐུལ་འདེད། སྦྱོང་བརྡར་བཅས་ཀྱི་ཁྲོད་ནས་ཆབ་སྲིད་ལས་དོན་རུ་ཁག་གི་ནུས་པ་མཐོར་འདེགས་སུ་བཏང་སྟེ། དམག་རྒྱག་ཅེས་པའི་ཡིག་འབྲུ་གཉིས་པོ་ཆབ་སྲིད་ལས་བྱེད་པའི་དྲན་པའི་མེ་ལོང་ངོས་སུ་འཇོག་རྒྱུ་དེ་ཡིན་ཞེས་བརྗོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།