བོད་ལྗོངས་སྐྱིད་རོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སྤྱོད་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2018-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ལམ་ངོས་གཙང་སྦྲ་དོད་པ་དང་། འགྲེམས་ཁང་རྒྱ་ཆེ་བ། ཚོང་ཟོག་སྣ་ཁ་འཛོམས་ཤིང་། ནེ་པ་ལ་དང་ཕ་ཁི་སི་ཐན་སོགས་རྒྱལ་ཁབ་ཀྱི་ཚོང་འགྲུལ་གྱིས་སྤྲོ་སེམས་འཁོལ་བའི་ངང་ཡུལ་སྐོར་བར་རང་རང་སོ་སོའི་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ཟོག་ངོ་སྤྲོད་བྱེད་བཞིན་ཡོད་པ་ནི། སྐྱིད་རོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སྤྱོད་འགོ་ཚུགས་པའི་ཉིན་དང་པོའི་རྣམ་པ་ཞིག་རེད།

ཉིན་ཤས་གོང་། བོད་ལྗོངས་སྐྱིད་རོང་རྫོང་སྐྱིད་རོང་གྲོང་རྡལ་དུ་སྤྱོད་འགོ་ཚུགས་པའི་སྐྱིད་རོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་རར་ཁྱོན་མ་དངུལ་སྒོར་ཁྲི་4250བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་12000ཟིན་གྱི་ཡོད།

“སྐྱིད་རོང་རྫོང་ནི‘རྒྱུད་གཅིག་ལམ་གཅིག’གི་འཛུགས་སྐྲུན་ཨེ་ཤེ་ཡ་ལྷོ་མའི་སྐམ་ས་ཆེན་པོར་ཤར་བགྲོད་བྱེད་པའི་སྐམ་ལམ་གྱི་འགག་གནས་ཤིག་རེད། མིག་སྔར། ཀྲུང་གོ་དང་ནེ་པ་ལའི་སྐམ་ཐོག་ཚོང་དོན་འགྲོ་འོང་གི་བགྲོད་ལམ་ཆེན་པོ་སྟེ། སྐྱིད་རོང་འགག་སྒོ་ནི་སྐྱིད་རོང་གྲོང་རྡལ་ར་སོག་གྲོང་རྡལ་དུ་ཡོད། སྐྱིད་རོང་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར་སྤྱོད་འགོ་ཚུགས་པ་ལས་མཐའ་མཚམས་ཉོ་ཚོང་ཐོན་ལས་འཕེལ་རྒྱས་འགྲོ་ཤུགས་དང་མཐའ་མཚམས་ཡུལ་སྐོར་ཐོན་ལས་རིམ་པ་སྤོར་ཤུགས་སྔར་བས་ཆེ་རུ་འགྲོ་རྒྱུ་རེད”ཅེས་སྐྱིད་རོང་རྫོང་གི་རྫོང་དཔོན་ཧུའུ་ཧུང་གིས་ངོ་སྤྲོད་བྱས།