འབུམ་རམས་པ་ཞབས་འདེགས་ཚོགས་པས་ཐབས་འདོན་ཇུས་འབུལ་གྱིས་བོད་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པ།
སྤེལ་བའི་དུས་ཚོད། : 2018-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་སྐྱོད་འབུམ་རམས་པ་ཞབས་འདེགས་ཚོགས་པ་ཁག་18པའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། དབུལ་སྐྱོར་དང་། དངུལ་རྩ། ཚན་རྩལ། ཚོང་དོན་སོགས་ཀྱི་འབུམ་རམས་པའི་རིགས་གཅིག་མཁས་ཅན་ལྷན་དུ་འཛོམས་ནས། སོ་སོའི་ཁྱབ་ཁོངས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་བོད་འཕེལ་རྒྱས་མྱུར་པོ་ཡོང་ཆེད་ཐབས་འདོན་ཇུས་འབུལ་བྱས་པ་རེད།

བོད་དུ་སླེབས་ནས་ཟླ་10སོང་རིང་། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་ཏང་ཙུའི་ཁོངས་མི་དང་ཐིང་ཀྲང་ལས་རོགས་ཀྱི་འགན་འཁུར་བཞིན་ཡོད་པའི་ཧྲེ་ཁྲེང་ཧྭ་ཡིས་རྫོང་དང་ཆུས་44ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ཏེ། འཛད་སྤྱོད་ཁྲོམ་རའི་དབྱེ་ཞིབ་ཞིབ་འཇུག་དང་། དྲ་ཐོག་ཚོང་དོན་གྱི་འཕེལ་རྒྱས། དེ་བཞིན་ཞིང་འབྲོག་ཁུལ་གྱི་ཁྲོམ་རའི་མ་ལག་འཛུགས་སྐྱོང་སོགས་ཕྱོགས་མང་པོའི་ཐད་ཀྱི་བརྟག་ཞིབ་ལེགས་སྒྲུབ་བྱས་པ་རེད།

བོད་ཀྱི་ཟོག་འགྲེམས་ལས་ཕྱོད་དམའ་བ་དང་མ་གནས་མཐོ་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ། ཧྲེ་ཁྲེང་ཧྭ་ཡིས་ཀྲུང་གོ་སྦྲག་སྲིད་དང་བོད་རང་སྐྱོང་ལྗོངས་ཟོག་འགྲེམས་མཐུན་ཚོགས་སོགས་ཚན་པ་དང་མཉམ་འབྲེལ་གྱིས་ཐག་རིང་ལུང་ཁུག་ས་ཁུལ་དུ་དངོས་ཟོག་སྐྱེལ་འདྲེན་བྱེད་སྟངས་ལ་ཞིབ་འཇུག་བྱས་པ་རེད།

“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གིས་བོད་ལ་དམིགས་བསལ་གྱི་ཤེས་ལྡན་མི་སྣའི་སྲིད་ཇུས་རབ་དང་རིམ་པ་བསྩལ་བ་དང་། འབུམ་རམས་པ་ཞབས་འདེགས་ཚོགས་པ་མངགས་པའི་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་བཏང་ཡོད”“འབུམ་རམས་པ་ཞབས་འདེགས་ཚོགས་པའི་ཁོངས་མི་ཡོངས་ཀྱིས་བོད་ཀྱི་འཕེལ་རྒྱས་ཀྱི་ཞན་ཆར་དམིགས་ཏེ་མིག་རྒྱང་དེ་བས་རིང་བ་དང་བསམ་ཕྱོགས་དེ་བས་གསར་བའི་སྒོ་ནས་ཐབས་འདོན་ཇུས་འབུལ་གྱིས་ཇུས་འགོད་པ་ཡག་པོ་ཞིག་བྱས་ཏེ། ཏན་ཏན་ཏིག་ཏིག་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་བོད་ལྗོངས་དང་ནང་སའི་དབར་མཉམ་ལས་ཀྱི་སྦྲེལ་ཟམ་བཙུགས་པར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་བོད་སྐྱོར་ལས་བྱེད་པ་ཁག་8པའི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་ཀོའོ་ཆང་གིས་བཤད།

འབུམ་རམས་པ་ཞབས་འདེགས་ཚོགས་པའི་ལས་དོན་ནི་ཀྲུང་དབྱང་གིས་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས་དང་ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་དང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྤྱད་པའི་བྱ་ཐབས་གལ་ཆེན་ཞིག་རེད། མིག་སྔའི་བར། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་འབུམ་རམས་པའི་རིགས་གཅིག་མཁས་ཅན་183བོད་དུ་ཞབས་འདེགས་ཞུ་བར་བསྐྱོད་པའི་ནང་དབུལ་སྐྱོར་དང་། ཚན་རྩལ། ཆུ་བེད། ཞིབ་འབྲོག་ནགས། དངུལ་རྩའི་དཔལ་འབྱོར། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དེ་བཞིན་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་པ་རེད།