བདེ་ཆེན་ཀྲོའུ་ཡིས། ལས་གནས་ལེགས་གྲས་ནང་འདྲེན་བྱས་ཏེ་བོད་རིགས་ས་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བྱས་པ།
སྤེལ་བའི་དུས་ཚོད། : 2018-11-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཡུན་ནན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་སྲིད་གཞུང་དང་ཡུན་ནན་ཞིང་ཆེན་མི་སྤྱི་ཐིང་གིས་སེམས་ཀྱི་ཉི་ཟླར་རྒྱལ་ཡོངས་ཀྱི་རྩལ་ནུས་དབུལ་སྐྱོར་ལས་དོན་གྱི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་འཚོགས་ཏེ། ཧྲང་ཧའེ་དང་ཡུན་ནན་དབར་ངལ་ནུས་མཉམ་ལས་ཀྱི“ལག་གདང་སྦྲེལ་བའི་བྱ་སྤྱོད”དང་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་དོན་ལས་བསྡུའི་བྱེད་སྒོ་སྤེལ་བ་དང་། ཁེ་ལས་118ཀྱི་ལས་གནས་ལེགས་གྲས4681བོད་རིགས་ས་ཁུལ་དུ་ནང་འདྲེན་བྱས་ནས། མང་ཚོགས་ལ་རྣམ་པ་སྣ་ཚོགས་ལ་བརྟེན་ནས་ལས་ཞུགས་གཞན་སྒྱུར་རོགས་རམ་བྱས་པ་རེད།

ཡུན་ནན་ཞིང་ཆེན་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཚུན། ཞིང་ཆེན་མི་སྤྱི་ཐིང་གིས་སྣེ་ཁྲིད་དེ་སྔ་རྗེས་སུ་ཀྲེན་ཞུང་དང་། ཧུའེ་ཙེ་སོགས་སུ་ཆེད་དོན་ལས་བསྡུའི་བྱེད་སྒོ་ཆེ་གྲས་18སྒྲིག་འཛུགས་བྱས་པ་དང་། ལས་བསྡུ་ཁེ་ལས་དང་ངལ་ནུས་མཚམས་སྦྱོར་སྒྲིག་གཞི་120ལྷག་ཙམ་གྱིས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཁྲི་1.62ལ་ལས་གནས་ཁྲི་5.4ཙམ་མཁོ་འདོན་བྱས་པ་རེད།