པདྨ་འཕྲིན་ལས་གྱིས་ཚོགས་པའི་སྣེ་ཁྲིད་ནས་སྐབས་གསུམ་པའི་ཡོ་རབ་དང་ཨེ་ཤ་ཡའི་རྒྱལ་ཁབ་གྱི་གྲོས་དཔོན་གྲོས་ཚོགས་ལ་ཞུགས་པ།
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༡༠པའི་ཚེས་༨ཉིན་ནས་ཚེས་༩ཉིན་བར། སྐབས་གསུམ་པའི་ཡོ་རབ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་གྲོས་དཔོན་གྲོས་ཚོགས་ཐུར་ཁེའི་ཨན་ཐེ་རི་ཡར་སྐོང་འཚོགས་བྱས་ཡོད། ཨུ་ཡོན་ཀྲང་གཞོན་པ་པདྨ་འཕྲིན་ལས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྣེ་ཁྲིད་ནས་གྲོས་ཚོགས་ནང་ཞུགས་ཡོད་པ་རེད།

པདྨ་འཕྲིན་ལས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་སྐབས། ཨེ་ཤ་ཡ་དང་ཡོ་རབ་རྒྱལ་ཁབ་ཀྱིས་དངོས་གཉེར་མཉམ་ལས་བྱེད་པའི་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གོང་འཕེལ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ། གནོད་མེད་གོང་འཕེལ་གྱི་བཟང་ཆ་གསོ་སྤེལ་བྱེད་པ། ཁོར་ཡུག་སྲུང་སྐྱོང་དང་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་བ། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུ་དར་སྤེལ་གཏོང་བ། ཞི་བདེ་བརྟན་བརླིང་གི་གོང་འཕེལ་ཁོར་ཡུག་སྐྲུན་པ། ཤེས་དཔལ་མི་འདྲ་བའི་དབར་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ། སྒོ་དབྱེ་དང་ཁོག་ཡངས་གི་མི་ཆོས་རིག་གནས་ཁོར་ཡུག་སྐྲུན་པ་བཅས་བྱ་དགོས་པ་དང་། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་ཡོ་རབ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་གྲོས་དཔོན་གྲོས་ཚོགས་ལམ་ལུགས་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱས་ཏེ། རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་ནང་རྒྱལ་ཁབ་ཁག་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།