ཡུལ་ཤུལ་གྱིས་སྤང་ཐང་སྣོད་བཅུད་འབྲོག་ལས་ཚོད་ལྟ་ཁུལ་གྱི་ཚོད་ལྟའི་ཚན་པ་12ནུས་ཤུགས་ཡོད་རྒུས་བཏོད་པ།
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་རང་བྱུང་སྤང་ཐང་འབྲོག་ལས་འཛུགས་སྐྲུན་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཁར། “ཚོད་ལྟ་དང་། དཔེ་སྟོན། ཁྱབ་གདལ”བཅས་ཀྱི་ཐབས་ལམ་གཞིར་བཟུང་། 2015ལོ་ནས་བཟུང་། སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་204ཡི་ཁྲོད་ནས་འཛུགས་སྐྲུན་ཚན་པ་8འདེམས་སྒྲུག་བརྒྱབ་སྟེ་རྒྱལ་ཡོངས་ཀྱི་སྤང་ཐང་སྣོད་བཅུད་འབྲོག་ལས་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་སྤེལ་འགོ་ཚུགས་པ་དང་། འདི་ལོ་ཚོད་ལྟའི་ཚན་པ་12བར་མང་དུ་གཏོང་རྒྱུ་རེད།

འབྲོག་ལས་ནི་ད་བར་ཡུལ་ཤུལ་གྱི་ཁྱད་ལྡན་ཐོན་ལས་དང་གཙོ་ཁྲིད་ཐོན་ལས་ཤིག་ཡིན་མོད། འོན་ཏེ་དབྱར་རྩྭ་དགུན་འབུ་དང་འདོགས་ཁྱིའི་ཚོང་རྒྱག་མཁན་མང་པོ་བྱུང་བའི་རྐྱེན་གྱིས་ཐོན་སྐྱེད་བྱེད་སྟངས་རྗེས་ལུས་དང་དཔལ་འབྱོར་ཕན་འབྲས་བལྟོས་བཅས་ཀྱིས་ཉམས་ཞན་ཡིན་པས་ཞིང་འབྲོག་ལས་སྐབས་ཤིག་རིང་ཉམས་དམས་ཀྱི་གནས་སུ་གྱར་ཡོད། ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས་ཐོན་ལས་སླར་གསོ་དང་བསྐྱར་སྐྲུན་བྱེད་རིང་ལ། ཡུལ་ཤུལ་ཀྲོའུ་ཡིས་ཡུལ་ཤུལ་གྱི་ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་ཤིག་ཡིན་པའི་སྣོད་བཅུད་ཞིང་འབྲོག་ལས་མུ་མཐུད་འཕེལ་རྒྱས་བཏང་བ་མ་ཟད། ད་དུང་ཡུལ་སྐོར་ཐོན་ལས་དང་། བཟའ་བཅའ་ལས་སྣོན། ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་སྐྲུན་སོགས་ཐོན་ལས་ཀྱི་རྨང་གཞི་དེ་བས་ཀྱང་བརྟན་དུ་བཏང་བ་རེད། 2015ལོར། མཚོ་སྔོན་ཞིང་ཆེན་གྱིས་《རྒྱལ་ཡོངས་ཀྱི་སྤང་ཐང་སྣོད་བཅུད་འབྲོག་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》དངོས་སུ་བཏོན་པ་དང་། དེ་བཞིན་ཡུལ་ཤུལ་ཀྲོའུ་ཡིས་སྔོན་ལ་སྣོད་བཅུད་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་དང་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་བྱ་རྒྱུ་གལ་ཆེན་དུ་བརྩི་བ་དང་། ཚན་རིག་དང་ལུགས་དང་མཐུན་པའི་སྒོ་ནས་རྩྭ་ཐང་ཐོན་ཁུངས་སྤྱོད་རྒྱུ་རྨང་གཞིར་བྱེད་པ། ཐོན་སྐྱེད་དང་གཉེར་སྐྱོང་བྱེད་སྟངས་འགྱུར་ལྡོག་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། འབྲོག་ལས་དོ་སྙོམས་ལམ་སྲོལ་འཛུགས་རྒྱུ་བྱེད་ཐབས་སུ་བརྩི་བ། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དམིགས་ཚད་དུ་བྱེད་པ་བཅས་བྱས་ནས་རྩྭ་ཐང་སྣོད་བཅུད་འབྲོག་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

ཀྲོའུ་དེས་ཚན་ཞིབ་ལས་དོན་པ་དང་། འབྲོག་ལས་རིགས་གཅིག་མཁས་ཅན། ཁེ་ལས་བློ་འདྲི་བ། ཁྲིམས་དོན་བློ་འདྲི་བ། དཔལ་འབྱོར་བློ་འདྲི་བ་བཅས“ཕྱོགས་ལྔ་གཞི་གཅིག”གི་ཇུས་འདོན་ཚོགས་པ་བཙུགས་ནས་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་པར་རྩ་འཛུགས་ཀྱི་རྒྱབ་རྟེན་དང་བློ་རིག་གི་འདེགས་སྐྱོར་ཆེན་པོ་བྱས་ཡོད། དེ་དང་དུས་མཚུངས། ཚོད་ལྟའི་ཤང་དང་ཁང་གི་རྩ་འཛུགས་དོ་དམ་དང་། ལས་འགན་གསར་གཏོད། ཚོད་ལྟའི་གྲུབ་འབྲས་སོགས་ཕྱོགས་བསྡུས་ལས་རྗེས་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ལོ་གསུམ་བསྟུད་མར་སྤང་ཐང་སྣོད་བཅུད་འབྲོག་ལས་ཚོད་ལྟའི་ཁུལ་འཛུགས་སྐྲུན་གྱི་དཔྱད་ཞིབ་དེ་རིམ་ཁག་སྲིད་གཞུང་གི་དམིགས་ཚད་དཔྱད་ཞིབ་ཀྱི་ནང་དོན་གྲས་སུ་བཅུག་ཡོད། ལོ་འགའ་ཞིག་འཚོལ་ཞིབ་བྱས་པ་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། འཕེལ་རྒྱས་གཏོང་བའི་མ་དཔེ་སྣ་ཚོགས་བཟོས་ཡོད། མིག་སྔར། ཡུལ་ཤུལ་གྱིས་སྤང་ཐང་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་204དང་འབྲོག་ལས་སྣེ་འདྲེན་ཁེ་ལས་15བཙུགས་ཡོད་པ་རེད།