བོད་ལྗོངས་ཀྱི་དགེ་རྒན་7ལ་མ་ཡུན་གྱི་གྲོང་གསེབ་དགེ་རྒན་གྱི་བྱ་དགའ་ཐོབ་པ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གསར་འགོད་པས་མ་ཡུན་སྤྱི་ཕན་ཐེབས་རྩ་ཚོགས་པ་ནས་ཤེས་རྟོགས་བྱུང་གསལ། 2018ལོའི"མ་ཡུན་གྱི་གྲོང་གསེབ་དགེ་རྒན་གྱི་བྱ་དགའ"ཐོག་མའི་གདམས་གསེས་དུས་རིམ་དངོས་སུ་མཇུག་འགྲིལ་བ་དང་། སྔོན་ཆད་ལས་མི་འདྲ་བ་ནི། འདི་ལོ་ཞིང་ཆེན་ཁག་ནས་གདམས་གསེས་བྱུང་བའི་དགེ་རྒན་གྱི་ཁ་གྲངས་དེ་ཞིང་ཆེན་དེའི་རེ་ཞུ་བྱེད་མཁན་གྱི་ཁ་གྲངས་དང་། དབུལ་པོའི་རྫོང་གི་ཁ་གྲངས། རེ་ཞུའི་སྤུས་ཚད་ལྟར་གཏན་འཁེལ་བྱེད་པ་མ་ཟད། ད་དུང་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་ཀྱི་མཉམ་ལས་སྨྱན་སྦྱོར་གྱིས་མཉམ་དུ་རེ་ཞུ་བྱེད་མཁན་ལ་ཐོག་མའི་གདམས་གསེས་བྱེད་པ་དང་། སྐར་གྲངས་རྒྱག་པ་བཅས་བྱས་ནས་ཆེས་མཐའ་མར་དགེ་རྒན་300མིང་ཐོའི་ནང་ཚུད་ཡོད་པ་རེད། ད་ལོར་བོད་ལྗོངས་སུ་ཁྱོན་གྲོང་གསེབ་དགེ་རྒན་34བདེ་བླག་ངང་མིང་ཐོ་འགོད་ཐུབ་པ་བྱུང་ཡོད་པ་དང་། ཐོག་མའི་གདམས་གསེས་བྱས་པ་བརྒྱུད། དགེ་རྒན་7གྱི་མིང་ཐོ་གཏན་འཁེལ་ཟིན་པ་མ་ཟད། ད་དུང་མ་ཡུན་སྤྱི་ཕན་ཐེབས་རྩ་ཚོགས་པའི་གཞུང་ཕྱོགས་དྲ་ངོས་(https//www.mayun.xin/)ནས་སྤྱི་བསྒྲགས་བྱས་པ་རེད།

བོད་ལྗོངས་ཀྱི་དགེ་རྒན་7པོའི་མིང་ཐོ་ནི་གཤམ་འོག་ལྟར།

བློ་བཟང་མཐར་ཕྱིན། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གསེར་གདོང་ཤང་ཀོ་སྨད་སློབ་གྲྭ།

བསྟན་འཛིན་རྡོ་རྗེ། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་བྱ་ར་ས་ཤང་སློབ་ཆུང་།

ཆིང་ཝུན་ཞ། གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་གྱི་སློབ་འབྲིང་གཉིས་པ།

དཀོན་མཆོག་སྙན་གྲགས། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྤེན་པ་ཤང་སློབ་ཆུང་།

ཕུན་ཚོགས་བཀྲ་ཤིས། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྔུལ་ཤོད་ཤང་སློབ་ཆུང་དང་པོ།

བློ་བཟང་ཚེ་རིང་། ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་ཆ་ཚང་སློབ་ཆུང་།

བློ་བཟང་དགྲ་འདུལ། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་ཆ་ཚང་སློབ་ཆུང་།