འབྲོག་ཁུལ་གྱི་འོད་མདངས་འཚེར་བའི་རིག་གནས་ཁྱད་ལྡན་ཐོན་རྫས།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  གསར་འགོད་པས་འབྲོག་ཁུལ་རྒན་རྒོན་ལ་དམངས་སྲོལ་ལག་ཤེས་ཐོན་རྫས་སྐོར་གྲོས་འདྲི་བྱེད་བཞིན་པ།

  བོད་མི་རིགས་ཀྱི་འཁལ་འཐག་བཟོ་རིགས་སྒྱུ་རྩལ་ལ་སྟོང་ལོའི་ལོ་རྒྱུས་ལྡན་ཞིང་། སྣ་རིགས་ཕུན་གསུམ་ཚོགས་པ། མི་རིགས་དང་ཡུལ་སྲོལ་ཁྱད་ཆོས་ཆེ་བ། ཚོན་མདངས་རྣམ་པར་བཀྲ་ལ་སྣུམ་ཞག་དོད་པ་ཞིག་ཡོད་པས་དེང་རབས་གྲོང་ཁྱེར་ཁྱིམ་ཚང་དང་གསོལ་མགྲོན་ཁང་སོགས་ཀྱི་སྒྲིག་ཆས་ལེགས་ཤོས་སུ་གྱུར་ཡོད་པ་དང་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བའི་ཡིད་དབང་འགུགས་ནུས་ལྡན་པ་མ་ཟད་ཉར་ཚགས་བྱེད་པའི་རིན་ཐང་ཆེན་པོ་ལྡན་ཡོད། འཁལ་འཐག་བཟོ་རིགས་སྒྱུ་རྩལ་ནི་ལྟ་བས་མི་ཁོམ་པའི་བོད་མི་རིགས་ཀྱི་དམངས་ཁྲོད་བཟོ་རིགས་མཛེས་བཟོའི་ལག་རྩལ་ནང་གི་རྩེར་སོན་ནོར་བུ་ཞིག་ཡིན་པ་དང་། རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ནང་གི་ཉི་ཟླ་ལྟ་བུའི་རིན་ཐང་ཡང་ལྡན་ཡོད། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གིས་མ་དངུལ་འབོར་ཆེན་བཏང་བ་དང་མི་སྣ་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་འབྲོང་པ་རྫོང་གི་འབྲོག་ཁུལ་རིག་གནས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱིར་འཚོང་ཁང་ཞིག་བཙུགས་པ་དང་། རྫོང་དེ་ཡོངས་ཀྱི་འབྲོལ་ཁུལ་མང་ཚོགས་ས་ནས་ལག་ཤེས་ཐོན་རྫས་བསྡུ་རུབ་བྱས་པ་བརྒྱུད་རྫོང་གྲོང་དུ་གཅིག་བསྡུས་ཐོག་ཕྱིར་འཚོང་བྱས་ནས་འབྲོག་ཁུལ་མང་ཚོགས་ཀྱི་ཡོང་བབ་མཐོར་གཏོང་གི་ཐབས་ལམ་བཏོད་ཡོད་ལ་གནད་འཕིགས་དབུལ་སྐྱོར་ལས་དོན་ལ་ནུས་ཡོད་རོགས་འདེགས་བྱས་འདུག

  འབྲོང་པ་རྫོང་འབྲོག་ཁུལ་རིག་གནས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ཁང་གི་འགན་འཁུར་བ་སྐལ་བཟང་སྒྲོལ་མ་ལགས་ཀྱིས་གསར་འགོད་པར་ཚོང་ཁང་གི་སྤྱིའི་གནས་ཚུལ་ངོ་སྤྲོད་གནང་བཞིན་པ།

  འབྲོང་པ་རྫོང་འབྲོག་ཁུལ་རིག་གནས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ཁང་གི་བྲིན་ཚོང་མི་སྣ་བདེ་སྐྱིད་ཀྱིས་འབྲོག་ཁུལ་ལག་ཤེས་ཐོན་རྫས་ངོ་སྤྲོད་གནང་བཞིན་པ།

  འབྲོག་ཁུལ་གྱི་འཁལ་འཐག་ལག་ཤེས་ཐོན་རྫས།

  རྩོམ་སྒྲིག་འགན་འཁུར་བ། ལྷག་པ།

  པར་བ། ཚེ་བརྟན་དབང་ཕྱུག

  གསར་འགོད་པ་སྤེན་པ་རྒྱ་མཚོ། བཀྲ་ཤིས་བཟང་པོ།