སྡེ་དགེ་པར་ཁང་གི་པར་ཤིང་རྙིང་གྲས་རྣམས་ལོ་གསུམ་གྱི་རྗེས་ནས་དཔར་མཚམས་གཞག་རྒྱུ་རེད།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  སྤྱི་ཟླ་7པའི་ཚེས་8ཉིན། སྡེ་དགེ་པར་ཁང་གི་པར་ཤིང་རྙིང་གྲས་ལོ་གསུམ་གྱི་རྗེས་ནས་དཔར་མཚམས་གཞག་རྒྱུའི་དྲིལ་བསྒྲགས་དང་ངོ་སྤྲོད་མཛད་སྒོ་སྡེ་དགེ་རུ་སྤེལ་བ་རེད།

  སྡེ་དགེ་རྫོང་སྡེ་དགེ་པར་ཁང་རིག་དངོས་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྡེ་དགེ་པར་ཁང་ནང་ཉར་ཚགས་བྱས་པའི་པར་ཤིང་རྙིང་པ228438དང་ལྷ་པར་རྙིང་པ376ནི་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ཀྱི་རྟེན་གཞི་གལ་ཆེན་ཡིན་པ་དང་། ལོ་རྒྱུས་ཀྱི་རྩ་ཆེའི་རིག་གནས་ཤུལ་བཞག་ཀྱང་ཡིན། དེའི་རྐྱེན་གྱིས་སྡེ་དགེ་རྫོང་ཨུའི་དང་རྫོང་སྲིད་གཞུང་། སྡེ་དགེ་པར་ཁང་གི་རིག་དངོས་རྩ་ཆེན་སྲུང་སྐྱོང་བྱེད་པར་དམིགས་ཏེ། རིག་དངོས་དོ་དམ་བྱ་རྒྱུའི་འབྲེལ་ཡོད་གཏན་འབེབས་དང་ཟུང་འབྲེལ་བྱས་ནས་ལོ་གསུམ་འགོར་རྗེས་པར་ཁང་ཡོངས་ཀྱིས་པར་ཤིང་རྙིང་པ་ཉར་ཚགས་དང་སྲུང་སྐྱོང་བྱ་རྒྱུའི་ཐག་བཅད་པར་མ་ཟད། སྡེ་དགེ་པར་ཁང་གི་པར་ཤིང་རྙིང་པ་རྣམས་ལོ་གསུམ་གྱི་རྗེས་སུ་པར་འདེབས་མཚམས་གཞག་བྱ་རྒྱུར་ཐག་བཅད་པ་རེད།