མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཟི་ལིང་མཚོ་ཤར་བཅས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བྱ་བའི་གྲོས་ཚོགས་བསྡུས།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།«རྒྱ་ཆེའི་ལས་བྱེད་པས་དུས་རབས་གསར་བའི་ནང་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ་དང་གྲུབ་འབྲས་གསར་བ་སྐྲུན་པར་སྔར་ལས་སྐུལ་འདེད་གཏོང་བའི་སྐོར་གྱི་གྲོས་གཞིའི»དགོངས་དོན་སློབ་སྦྱོང་ཟབ་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། མཚོ་སྔོན་དུ་ཡོང་བའི་ལོ་གཉིས་པའི་བྱ་བར་ཁྱོན་ཡོངས་ནས་སྤྱི་སྡོམ་བྱེད་ཆེད། དུས་བཀག་ལྟར་སློབ་སྦྱོང་དང་ཕན་ཚུན་བརྗེ་རེས་བྱེད་པའི་ལམ་ལུགས་ལྟར། ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཟི་ལིང་གྲོང་ཁྱེར། མཚོ་ཤར་གྲོང་ཁྱེར་གྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་བྱ་བའི་གྲོས་ཚོགས་བསྡུས།

  ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྒྱ་ཆེའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་ཀྲུང་དབྱང་གི་དུས་རབས་གསར་བའི་ནང་ལས་བྱེད་པས་འགན་འཁྲི་གསར་བ་ཕྲག་ཏུ་ལེན་པ་དང་གྲུབ་འབྲས་གསར་བ་སྐྲུན་པའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་ནན་མོ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་དང་གྲུབ་འབྲས། ལས་སྒྲུབ་ལས་སྐྲུན་གྱི་འགུལ་སྐྱོད་དངོས་ལ་བརྟེན་ནས། ཧུར་ཐག་གིས་དུས་རབས་གསར་བར་གཏོགས་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཐད་ཀྱི་གྲུབ་འབྲས་ཆེན་པོ་བསྐྲུན་དགོས། ལས་སྒྲུབ་ལས་སྐྲུན་གྱི་ཁ་ཕྱོགས་བརྟན་པོ་བཙུགས་ནས། འགན་འཁྲི་འདུ་ཤེས་དང་བརྩོན་འགྲུས་ལྡན་པའི་ལས་བྱེད་པར་སྟེགས་བུ་དང་བར་སྟོང་སྐྲུན་པ་དང་། བརྩོན་སེམས་དང་རེ་བ། དམིགས་འབེན་ཡོད་པར་བྱེད་པ་དང་། སྒྱིད་ལུག་དང་ཁག་ཁུར་མེད་པའི་ལས་བྱེད་པ་ངོ་གནོང་བར་བྱེད་དགོས་ཟེར།

  ཚོགས་ཐོག་ཏུ་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཟི་ལིང་། མཚོ་ཤར་གྲོང་ཁྱེར་བཅས་ཀྱི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་ལོ་གཅིག་རིང་གི་བྱ་བར་སྤྱི་སྡོམ་བྱས་པའི་རྨང་གཞིའི་སྟེང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པས་མུ་མཐུད་དུ་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱེད་པ་དང་། མུ་མཐུད་དུ་མཚོ་སྔོན་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐོག་མའི་སེམས་འདུན་རྒྱུན་འཁྱོངས་བྱེད་པ། མུ་མཐུད་དུ་ཁེངས་སྐྱུང་གཟབ་ནན་བྱེད་པ་དང་། ང་རྒྱལ་དང་ཁེངས་དྲེགས་སྤོང་བ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་སུ་བརྟན་པོར་བཟུང་ནས། མཚོ་སྔོན་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་ཡུན་སྐྱོང་བདེ་འགོད་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན། །

  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།