ཀྲང་ལིས་ཞིང་ཆེན་རྟེན་མཛོད་ཁང་དང་རིག་གནས་ཁང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་དང་ཞང་སྡེའི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་སྒར་ས་སོགས་ལ་རྟོག་ཞིབ་ཏུ་སོང་།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཞིང་ཆེན་རྟེན་མཛོད་ཁང་དང་རིག་གནས་ཁང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་དང་ཞང་སྡེའི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་སྒར་ས་སོགས་ལ་སོང་ནས། སྤྱི་ཐུན་རིག་གནས་སྒྲིག་ཆས་འཛུགས་སྐྲུན་དང་། དོ་དམ། བཀོལ་སྤྱོད་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོ་མོས་ནན་གྱིས་བསྟན་དོན། སྤྱི་ཐུན་རིག་གནས་ཞབས་ཞུ་ལ་ཤུགས་སྣོན་པ་ནི་རིག་གནས་ཀྱི་ཞིང་ཆེན་གྲགས་ཅན་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཡིན་ལ། རྒྱལ་ཁབ་དང་ཞིང་ཆེན་རིམ་པ་ནས་དེང་རབས་སྤྱི་ཐུན་རིག་གནས་ཞབས་ཞུའི་མ་ལག་མྱུར་དུ་འཛུགས་པའི་ཇུས་ཆོད་བཀོད་སྒྲིག་ལ་དམིགས་ནས། གཞི་རིམ་ལ་ཁ་གཏོད་པ་རྒྱུན་འཁྱོངས་དང་མཁར་གྲོང་གི་ཁུལ་ཁོངས་བར་ཁྱད་ཇེ་ཆུང་དུ་གཏོང་བར་འབད་པ། སྤྱི་ཐུན་རིག་གནས་ཞབས་ཞུའི་གཞི་རྩའི་ཚད་གཞི་ལ་སླེབས་པར་བྱས་ནས། མང་ཚོགས་ལ་ཕུན་སུམ་ཚོགས་པའི་བསམ་པའི་རྒྱགས་ཕྱེ་འདོན་སྤྲོད་བྱེད་དགོས་ཟེར།

  ཀྲང་ལིས་ཀྱིས་སྤྱི་ཐུན་རིག་གནས་ཐོན་རྫས་དང་ཞབས་ཞུའི་ནང་དོན་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རིམ་པ་སོ་སོའི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་སྒར་ས་བེད་སྤྱོད་ཚད་མཐོར་འདེགས་སུ་བཏང་ནས། རིག་གནས་ཐོན་རྫས་ཀྱི་མཁོ་སྤྲོད་ཕུན་སུམ་ཚོགས་ཤིང་ཁྱབ་ཁོངས་ཆེ་རུ་བསྐྱེད་དེ། ཞབས་ཞུའི་ཕན་ནུས་མཐོར་འདེགས་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ལ་སྤྱི་ཐུན་རིག་གནས་ཞབས་ཞུའི་རྩ་བའི་ཁེ་དབང་ཡོད་པར་འགན་སྲུང་བྱས་ནས། རིག་གནས་ཀྱིས་མང་ཚོགས་ལ་རང་རྟོན་བཞིའི་འདུ་ཤེས་བརྟན་པོར་ཆགས་པར་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ནས། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཁྲོད་ཀྱི་སྤྱི་ཚོགས་སློབ་གསོ་དང་སྣེ་ཁྲིད་ཀྱི་བྱེད་ནུས་འདོན་དགོས། ཞིང་ཆེན་རིམ་པའི་རིག་གནས་ཁང་སོགས་ཀྱི་སྔོན་ཐོན་རིག་གནས་བརྒྱུད་སྒྲོག་གི་སྐུལ་མའི་འོག་ནས། སྤྱི་ཐུན་རིག་གནས་ཞབས་ཞུའི་མིང་གྲགས་སྣང་བརྙན་འཛུགས་པ་དང་། རིག་གནས་རྐང་འཛིན་གསོ་སྦྱོང་ལ་ཤུགས་སྣོན་པ། མཁོ་སྤྲོད་དང་སྣེ་འདྲེན་གྱི་མུ་ཁྱུད་འཛུགས་སྐྲུན་གནད་ལ་ཁེལ་ཞིང་། གཞི་རིམ་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཟབ་ཞུགས་བྱེད་དགོས། ཧུར་ཐག་གིས་སྤྱི་ཚོགས་ཀྱི་ནུས་ཤུགས་སྤྱི་ཐུན་རིག་གནས་ཞབས་ཞུའི་ཁྲོད་ཟབ་ཞུགས་བྱས་ནས། དམངས་ཁྲོད་ཚོགས་པ་དག་གིས་རིག་གནས་བྱ་འགུལ་སྤེལ་བར་འདེགས་སྐྱོར་བྱས་ཏེ། སྤྱི་ཐུན་རིག་གནས་ཞབས་ཞུའི་མང་ཚོགས་རང་བཞིན་དང་ཡོངས་ཁྱབ་རང་བཞིན་ལ་ཤུགས་བསྣན་ནས། ཕན་འབྲས་ལྡན་པའི་རིག་གནས་ཐོན་རྫས་མཁོ་སྤྲོད་ལེགས་པོ་བྱེད་དགོས་པར་བསྟན།

  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།