ལྷན་སྐྱེས་སྙིང་ནད་ཕོག་པའི་བོད་ལྗོངས་ཀྱི་དབུལ་ཕོངས་བྱིས་པ35ལ་རིན་མེད་བཤགས་བཅོས་བྱ་རྒྱུ་རེད།
སྤེལ་བའི་དུས་ཚོད། : 2018-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།རྒྱལ་ཁབ་ཀྱི་ལྗོངས་གསུམ་དང་ཁུལ་གསུམ་གྱི་དབུལ་སྐྱོར་སྲིད་ཇུས་ལ་བརྡ་ལེན་ཞུས་ནས། ལྷན་སྐྱེས་སྙིང་ནད་ཕོག་པའི་བོད་ལྗོངས་ཀྱི་དབུལ་ཕོངས་བྱིས་པ་སྨན་བཅོས་ཐུབ་ཆེད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པས། སྤྱི་ཟླ7པའི་ཚེས10ཉིན་ནས་ཚེས17ཉིན་བར་ཀྲུང་གོ་རྒྱ་གྲམ་དམར་པོ་ཐེབས་རྩ་ལྷན་ཚོགས་དང་ཀྲེང་ཀྲའུ་གྲོང་ཁྱེར་མི་དམངས་སྨན་ཁང་བདུན་པ་དང་མཉམ་འབྲེལ་ཐོག ལྷན་སྐྱེས་སྙིང་ནད་ཕོག་པའི་དབུལ་ཕོངས་བྱིས་པར་རོགས་སྐྱོབ་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་དང་། བྱེད་སྒོ་སྤེལ་རིང་ལྷ་ས་དང་ནག་ཆུ་གྲོང་ཁྱེར་གཉིས་ཀྱི་ལྷན་སྐྱེས་སྙིང་ནད་ཕོག་པའི་དབུལ་ཕོངས་བྱིས་པ35ལ་རིན་མེད་བཤགས་བཅོས་བྱ་རྒྱུ་རེད། །

  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།