ཟི་ཁྲོན་གཡག་རྔ་གྲོང་ཁྱེར་ཧྲེ་མེན་རྫོང་དུ་ས་ཡོམ་རིམ་པ་4.3བརྒྱབ་པ།
སྤེལ་བའི་དུས་ཚོད། : 2018-05-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་16ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་46ཐོག ཟི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཧྲེ་མེན་རྫོང་དུ་ས་ཡོམ་རིམ་པ་4.3བརྒྱབ་ཡོད། ས་ཡོམ་གྱིས་རྐྱེན་པས་གྲེང་ཁུན་ལྕགས་ལམ་ལམ་རྒྱུད་ཀྱི་ཕུ་ཞུང་དང་། པེ་གོ པེ་ཧྲེ་ཡན་བབ་ཚུགས་བཅས་སུ་ཚད་གཞི་མི་འདྲ་བའི་ཡོམ་ཚོར་ཡོད་པ་རེད། ལྕགས་ལམ་ཚན་པས་ལམ་སེང་ལམ་ཐིགས་བཀག་ནས་ལམ་ཐིགས་དང་སྒྲིག་ཆས་ཀྱི་གནས་ཚུལ་ལ་ནུས་ཤུགས་ཡོད་རྒུས་རྩད་བཤེར་བྱས་ཡོད། མིག་སྔར་ཕན་ཀྲེ་ཧོ་ནས་པེ་ཅིང་ནུབ་བར་གྱི་མེ་འཁོར་ཐེངས་གྲངས་ཁད་118དང་། ཕན་ཀྲེ་ཧོ་ནས་ཕུ་ཞུང་བར་གྱི་འགྲུལ་སྐྱེལ་མེ་འཁོར་ཐེངས་གྲངས་5634གཉིས་ས་ཡོམ་གྱིས་རྐྱེན་པས་ཕྱི་ཙམ་འཁོར་སྐྱོད་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན།