དུས་ཚིགས་དང་པོར་ཀན་ལྷོ་ཁུལ་གྱི་ཕྱུགས་ལས་ཐོན་རྫས་ཀྱི་རིན་གོང་སྤྱི་ཡོངས་སུ་བརྟན་པོའི་ངང་འཕེལ་བ།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཁོག་དཔལ་འབྱོར་འཁོར་སྐྱོད་ཀྱི་འགྲོས་ཇེ་དལ་དང་འཛད་སྤྱོད་ནུས་པ་ཇེ་ཞན་སོང་བ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ཐེབས་པའི་དབང་གིས་ད་ལོའི་ཀན་ལྷོ་ཁུལ་གྱི་དུས་ཚིགས་དང་པོའི་ཕྱུགས་ལས་ཐོན་རྫས་ཀྱི་ཚོང་རའི་རིན་གོང་གཏན་འཇགས་ཡིན་ལ་རྣམ་པའང་སྔར་ལོའི་དུས་མཚུངས་ལས་མངོན་གསལ་གྱིས་ལེགས། སྐམས་དང་ལུག་ཤའི་རིན་གོང་རྒྱུན་མཐུད་ཀྱིས་ཇེ་མཐོ་དང་བཅུད་ལྡན་འོ་མའི་རིན་གོང་གཏན་འཇགས། གསོན་ཕག་གི་རིན་གོང་ལ་འཕེལ་འགྲུབ་ཡོད་ལ། ཁྱིམ་བྱའི་ཚོང་ར་རིམ་བཞིན་སླར་གསོ་བྱུང་།

  སྐམས་དང་ལུག་ཤའི་རིན་གོང་ནི་རྒྱུན་མཐུད་ངང་མཐོ། ཚོང་རའི་བརྟག་དཔྱད་བྱས་པ་ལྟར་ན་དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་སྐམས་དང་ལུག་ཤའི་ཚོང་རའི་རིན་གོང་གཏན་འཇགས་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད། ལོ་འགོར་ལ་དུས་ཆེན་གཉིས་ཀྱི་དགོས་མཁོའི་འོག་སྐམས་དང་ལུག་ཤའི་རིན་གོང་ཟླ2པར་སྤྱི་རྒྱ་རེར་རིན་གོང་སྒོར56.13དང་སྒོར55.45སོ་སོར་ལ་བསླེབས་ཏེ། སྔར་ལོའི་དུས་མཚུངས་ལས19.43%དང21.73%འཕར་བ་དང་། ལྷག་པར་དུ་གཙོས་དང་འབྲུག་ཆུ། ཅོ་ནེ་སོགས་ས་ཁུལ་དུ་སྐམས་དང་ལུག་ཤའི་ཆེས་མཐོ་བའི་རིན་གོང་སྤྱི་རྒྱ་རེར་སྒོར64དང་སྒོར62ལ་བསླེབས། ཟླ3པའི་ཟླ་སྨད་ལ་ཅུང་ཙམ་མར་ཆག་ལ། སྐམས་ཤ་སྤྱི་རྒྱ་རེར་རིན་གོང་སྒོར53.75དང་ལུག་ཤ་སྤྱི་རྒྱ་རེར་རིན་གོང་སྒོར53.2ལ་བསླེབས་ཏེ། སྔར་ལོའི་དུས་མཚུངས་ལས་སོ་སོར19.02%དང23.15%འཕར། རྨ་ཆུ་དང་ཀླུ་ཆུའི་སྐམས་ཀྱི་རིན་གོང་སྤྱི་རྒྱ་རེར་སྒོར30ལས་སྒོར34ཡིན་ལ། དུས་མཚུངས་ལས་འཕར་བ་མངོན་གསལ་རེད། ལྔ་གཅིག་གི་དུས་ཆེན་དང་ཡུལ་སྐོར་དུས་ཆེན་དང་བསྟུན་ནས་ཕྱུགས་ལས་ཐོན་རྫས་ཀྱི་འཛད་སྤྱོད་པའང་ཇེ་མང་དུ་སོང་བ་དང་། ཚོང་རའི་ཉོ་ཚོང་འགུག་པར་ཁེ་ཕན་ཐོབ། སྔོན་དཔག་ལྟར་ན་སྐམས་དང་ལུག་ཤའི་ཚོང་རའི་རིན་གོང་རྒྱུན་མཐུད་ཀྱིས་ཇེ་མཐོར་སོང་།

  འོ་མའི་རིན་གོང་ཕྱོགས་ཡོངས་ནས་དལ་མོར་འཕར་བའི་རྣམ་པར་གྲུབ། ཚོང་རར་བརྟག་དཔྱད་བྱས་པ་ལྟར་ན་དུས་ཚིགས་དང་པོའི་ཁུལ་ཡོངས་ཀྱི་བཅུད་ལྡན་འོ་མ་བསྡུ་ཉོ་བྱས་པའི་ཆ་སྙོམས་རིན་གོང་སྤྱི་རྒྱ་རེར་སྒོར 7ལས་སྒོར 8ཡིན། སྔར་ལོའི་དུས་མཚུངས་དང་བསྡུར་ན་བརྒྱ་ཆའི་གྲངས་གནས 5འཕར། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་སྤྱི་རྒྱ་རེར་རིན་གོང་སྒོར4.2ལས་ལྡབ་གཅིག་གི་མཐོ་ལ། ཚོང་རའི་སིལ་ཚོང་རིན་གོང་སྤྱི་རྒྱ་རེར་སྒོར11ལས་སྒོར13ཡིན། ལོ་གཉིས་ལྷག་གི་ཚོང་རའི་སྙོམས་སྒྲིག་བརྒྱུད་དེ་ཕྱུགས་གསོ་ར་བའི་ཁྱིམ་ཚང་གི་བཞོན་མའི་སྒྲིག་གཞི་ལུགས་དང་མཐུན་པར་འགྱུར་བཞིན་ཡོད། གཙོས་དང་བླ་བྲང་སོགས་ས་ཆར་བརྟག་དཔྱད་བྱས་པ་ལྟར་ན་སྒྲིག་གཞི་དང་མཐུན་པའི་བཞོན་མའི་འོ་མ་ཐོན་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། ཐོན་ཚད་དམའ་བའི་བཞོན་མ་རིམ་བཞིན་མེད་པར་བཟོ་བཞིན་ཡོད་ལ། ཕྱུགས་རིགས་ཀྱི་སྒྲིག་གཞི་ཇེ་ལེགས་སུ་གཏོང་བའི་ཁྱད་ཆོས་ཐོན་ཡོད། རྨ་ཆུ་དང་ཀླུ་ཆུ་སོགས་སུ་རྟོག་ཞིབ་བྱས་པ་ལྟར་ན། འབྲོག་ཁུལ་གྱི་ཐོན་སྐྱེད་བྱས་པའི་མར་དང་ཕྱུར་བ་སོགས་རང་གི་བཟའ་བའི་འབྲོག་ཁུལ་གྱི་དོ་དམ་ཚད་དེ་རོང་མ་འབྲོག་དང་བསྡུར་ན་ཅུང་རྗེས་ལུས་ཡིན་ཞིང་། དེ་ལས་རོང་ཁུལ་དང་རོང་མ་འབྲོག་གི་ས་ཁུལ་གྱི་རིན་གོང་འབྲོག་ཁུལ་ལས་མཐོ། ཀྲུང་གོའི་ནོར་གནག་གི་འོ་མའི་གྲོང་ཁྱེར”གྱི་མིང་གསར་བའི་ཚོང་རའི་ཤུགས་རྐྱེན་དང་རྒྱ་ཆེའི་འཛད་སྤྱོད་པའི་འཛད་སྤྱོད་འདུ་ཤེས་ཀྱི་འགྱུར་བག་འོག་རང་ཁུལ་གྱི་བཅུད་ལྡན་འོ་མ་ཐོན་སྐྱེད་བྱས་པ་སྤུས་ལེགས་གོང་བདེ་ཅན་གྱི་ལམ་དུ་སྤོས།

  ཕྱུགས་ལས་ཐོན་རྫས་ཀྱི་ཁྲོམ་ར་བརྟན་པོའི་ངང་འཕེལ་བ་དང་ཚོང་རའི་ཞིབ་བཤེར་ཚད་ལེན་བྱས་པ་ལྟར་ན། དུས་ཚིགས་དང་པོར་ཁུལ་ཡོངས་ཀྱི་ཁྱིམ་བྱ་དང་བྱ་ལྒང་གི་རིན་གོང་ཆེས་མཐོ་དུས་སྤྱི་རྒྱ་རེར་སྒོར35.5དང9.79བསླེབས་ཏེ། སྔར་ལོའི་དུས་མཚུངས་ལས3.07%དང11.25%མར་བབས་ལ་ཟླ་བ་གོང་མ་ལས0.48%དང1.03%འཕར། སྒོ་ཕྱུགས་ཀྱི་ཚོང་ར་རིམ་བཞིན་འཕེལ་བ་དང2017ལོའི་ཕྱུགས་ལས་ལོ་འཁོར་སྙན་ཞུ་རུ་བསྡོམས་རྩིས་བྱས་པ་ལྟར་ན་འབྲུག་ཆུ་དང་ལིན་ཐན་གཙོ་བྱས་པའི་ཐོན་སྐྱེད་ཁུལ་གཙོ་བོའི་དངོས་ཡོད་བྱ་ཁྲི53.38ལ་བསླེབས། །

  རྩོམ་སྒྲིག་པ། ཀླུ་མོ་མཚོ།