བོད་ཀྱི་སྤྱི་ཚོགས་ཚན་རིག་སྐོར་གྱི་དུས་དེབ་ཐོག་མ་ད་ལོར་དངོས་སུ་གསར་འདོན་བྱུང་བ།
སྤེལ་བའི་དུས་ཚོད། : 2018-05-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

微信图片_20180515104150.png

  《མཚོ་སྔོན་སྤྱི་ཚོགས་ཚན་རིག》གི་བོད་ཡིག་དུས་དེབ་གསར་འདོན་མཛད་སྒོ་ཟི་ལིང་དུ་བསྡུས་པའི་ཟུར་ཞིག

微信图片_20180515104216.jpg

གླིང་གཙོ་ཁྲིན་ཝེ།(འཕྲིན་ལས་རྒྱ་མཚོ)

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།སྤྱི་ལོ2017ལོའི་ཟླ1ཚེས17ཉིན་གྱི་ཕྱི་དྲོར། 《མཚོ་སྔོན་སྤྱི་ཚོགས་ཚན་རིག》གི་བོད་ཡིག་དུས་དེབ་གསར་འདོན་མཛད་སྒོ་དང་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གླེང་སྟེགས་ཟི་ལིང་རྣམ་རྒྱལ་མགྲོན་ཁང་དུ་བསྡུས་ཤིང་། ཐེངས་འདིར་མཚོ་སྔོན་ཞིང་ཆེན་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་། ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན། ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་པར་སྐྲུན་ཁང་ལ་སོགས་པའི་ལས་ཁུངས་དང་འབྲེལ་ཡོད་མགོ་ཁྲིད། ཆེད་མཁས་པ། རྩོམ་སྒྲིག་པ་བཅས་མི་སྣ་བཞི་བཅུ་ལྷག་འཛོམས་ནས།《མཚོ་སྔོན་སྤྱི་ཚོགས་ཚན་རིག》བོད་ཡིག་དུས་དེབ་གསར་དུ་འདོན་པར་རྟེན་འབྲེལ་ཞུས་པ་དང་། དུས་མཚུངས་སུ་དུས་དེབ་གསར་འདོན་གྱི་དགེ་མཚན་དང་མ་འོངས་པའི་རྩོམ་སྒྲིག་ཁྲོད་མཉམ་འཇོག་བྱ་དགོས་པ་སོགས་ཀྱི་སྐོར་ལ་བསམ་ཚུལ་ལྷུག་བརྗོད་དང་བསམ་བློ་བརྗེ་རེས་གནང་།

  རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་དང་ཞིང་ཆེན་ཏང་ཨུས་ཆོག་མཆན་ཐོབ་པ་བརྒྱུད་དེ། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་དོ་དམ་བྱེད་ཅིང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གིས་གཙོ་སྒྲུབ་བྱེད་པའི《མཚོ་སྔོན་སྤྱི་ཚོགས་ཚན་རིག》གི་བོད་ཡིག་དུས་དེབ་དངོས་སུ་གསར་འདོན་བྱས་པ་ཡིན་ཞིང་། དེ་ནི་མཚོ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོ་ཁྲིན་ཝེ(འཕྲིན་ལས་རྒྱ་མཚོ)མཆོག་གཙོ་བྱས་པའི་བོད་རིག་པ་སུའོ་ཡི་བློ་མཐུན་མི་ཉུང་བ་ཞིག་གིས་ལོ་ངོ་དུ་མར་འབད་པ་དང་བརྩོན་ལེན་བྱས་ཏེ། གོང་རིམ་པ་དང་འབྲེལ་ཡོད་ལས་ཁུངས་དག་གིས་རྒྱབ་སྐྱོར་འོག་ནས་ད་ལྟ་དངོས་སུ་འགྲེམ་སྤེལ་བྱེད་ཐུབ་སོང་བས་ཁོ་ཚོར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་བ་ཡིན། གླིང་གཙོ་ཁྲིན་ཝེ(འཕྲིན་ལས་རྒྱ་མཚོ)ལགས་ནི་མཚོ་སྔོན་ཞིང་ཆེན་རྟ་ཐང་རྫོང་གི་བོད་རིགས་ཡིན་ལ། ད་ལྟ་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་གླིང་གཙོ། སློབ་དཔོན་ཆེན་མོ་བཅས་ཡིན་ཞིང་། རྒྱལ་ཁབ་སྤྱི་ཁྱབ་ཁང་གི་ཆེད་དམིགས་གྲོན་དངུལ་ཐོབ་པའི་མཁས་པའང་ཡིན། 2011ལོརལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་སུ་མི་རིགས་རིག་པའི་འབུམ་རམས་པའི་སློབ་གནས་བླངས།

1-9.jpg

1-8.jpg

  (དུས་དེབ་ཀྱི་ནང་ངོས)(དུས་དེབ་ཀྱི་རྒྱབ་ངོས)

  སྤྱི་ཚོགས་ཚན་རིག་ནི་མིའི་རིགས་ཀྱིས་འཇིག་རྟེན་ཧྲིལ་པོར་འཐབ་རྩོད་དང་བཅོས་བསྒྱུར་བྱེད་པའི་ལག་ཆ་གལ་ཆེན་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་འཕེལ་རྒྱས་དང་གསར་གཏོད་ཀྱི་ནུས་པ་ཆེས་ཆེར་ལྡན་ཕྱིར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྱང་། “འཛམ་གླིང་གི་སྤྱི་ཚོགས་ཚན་རིག་དང་མཚན་ཉིད་རིག་པའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་ནི་མི་དང་སྤྱི་ཚོགས་བར་འཕྲད་པའི་གནད་དོན་མཐའ་དག་ལ་བགྲོ་གླེང་དང་ཐག་གཅོད་བྱས་པ་ལས་མངོན་འགྱུར་བྱུང་བ་ཡིན།”ཞེས་གསུངས་པ་ལྟར། ངེད་སྤྱི་ཚོགས་ཚན་རིག་ཁང་གིས་ཀྱང་སྤོབས་པ་དང་ཡིད་ཆེས་ཀྱིས་ངང་ནས་དེང་གི་སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ། དངོས་ཡོད་འཚོ་བའི་གནད་དོན་ལ་ཁ་ཕྱོགས་ནས་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ནུས་པ་བླ་མེད་འདོན་རྒྱུ་ཡིན།

  དུས་དེབ་འདིའི་དམིགས་འབེན་ནི་རིག་གཞུང་རང་བཞིན་དང་གཞུང་ལུགས་རང་བཞིན། བསམ་བློ་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་འཁྱོངས་སྒོས་ལེ་ཚན་དུ་མ་བཀོད་སྒྲིག་བྱས་ཡོད་པ་ནི། མཚན་ཉིད་རིག་པ་དང་ཆབ་སྲིད་རིག་པ། དཔལ་འབྱོར་རིག་པ། རིག་གནས་རིག་པ། སྤྱི་ཚོགས་རིག་པ། མི་རིགས་རིག་པ། སྐྱེ་ཁམས་རིག་པ། ལོ་རྒྱུས་རིག་པ། གནའ་དཔྱད་རིག་པ། མིའི་རིགས་རིག་པ། ཆོས་ལུགས་རིག་པ། སྐད་བརྡ་རིག་པ། དམངས་སྲོལ་རིག་པ། སློབ་གསོ་རིག་པ། གསོ་བ་རིག་པ། རྩོམ་རིག་སྒྱུ་རྩལ་རིག་པ་སོགས་ལྡན་པའི་སྣ་འཛོམས་རང་བཞིན་གྱི་སྲོག་ཤིང་དུས་དེབ་ཅིག་ཡིན་ཞིང་། ལོ་གཅིག་ལ་དེབ་བཞི་དང་དུས་ཚིགས་རེར་དེབ་རེ་ཡོད་པས། རྒྱ་ཆེ་བའི་རིག་པ་སྨྲ་བ་དག་གིས་བོད་ཡིག་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་ཕྱག་རྩོམ་ལྷུགས་སྩོལ་གནང་རྒྱུར་མཁྱེན།

1-7.JPG

  བོད་ཡིག་དུས་དེབ་གསར་འདོན་གྱི་མཛད་སྒོའི་ནང་དོན།

1-3.JPG

ཆོག་མཆན་དཔང་ཡིག

  ཕྱག་རྩོམ་བསྐུར་མཁན་རྣམས་ཀྱིས་དོ་སྣང་མཛད་དགོས་པའི་དོན་ཚན་འགའ་ཡོད་པ་ནི།

  དང་པོ། བརྗོད་བྱ་ནི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་སྐོར་གྱི་ནང་དོན་གསར་པ་དང་ལྟ་བ་ཡང་དག སྒྲུབ་བྱེད་ཀྱི་ཁུངས་ལུང་ཚད་ལྡན། ཞིབ་འཇུག་གི་རིན་ཐང་ཟབ་མོ་ལྡན་དགོས་ལ། ཡིག་འབྲི་སྟོང་ལྔ་ནས་ཆིག་ཁྲིའི་བར་ཡིན་དགོས།

  གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི 《བརྡ་འཕྲིན་དང་ཡིག་ཚང་། དཔྱད་གཞི་ཡིག་ཆའི་རྩོམ་མཁན་དང་དཀར་ཆག་གི་ཚད་གཞིའི》-(GB/T7714-2015)བླང་བྱ་ལྟར། ཕྱག་རྩོམ་གྱི་མཆན་རྣམས་ཞབས་མཆན་འགོད་དགོས། དཔྱད་གཞིའི་ལུང་ཁུངས་ཀྱི་གོ་རིམ་འགོད་སྟངས་ནི། 1.རྩོམ་པ་པོ། 2.དཔྱད་ཡིག་གི་མཚན་བྱང་། 3.དཔྱད་ཡིག་མཚོན་རྟགས། 4.དཔེ་སྐྲུན་ཁང་གི་མིང་། 5.པར་སྐྲུན་གྱི་ལོ་ཚིགས་དང་དཔར་ཐེངས། 6.ཤོག་ངོས། (དཔེར་ན། མཁས་པ་ལྡེའུ། 《རྒྱ་བོད་ཆོས་འབྱུང་རྒྱས་པ》 [M] བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1987ལོའི་པར་ཐེངས་དང་པོ། ཤོག་ངོས 9) ཞེས་པ་ལྟ་བུའོ།།

  གསུམ་པ། དཔྱད་རྩོམ་གྱི་ཡི་གེ་ནི་ཧི་གཟུགས་ཡིན་དགོས་ཤིང་། ཡི་གེའི་ཆེ་ཆུང་གི་ཚད་ནི་གཉིས་པའི་ཆུང་བ་ཅན(小二)ཡིན་དགོས་ལ། ཞབས་མཆན་ནི་བཞི་བ་ཡིན་དགོས། ཕྱག་རྩོམ་ལས་འབྱུང་བའི་གྲངས་ཀ་དག་ཨ་རབ་ཀྱི་ཨང་གྲངས་དང་རྒྱལ་སྤྱིའི་གཅིག་གྱུར་གྱི་མཚོན་རྟགས་རྣམས་འགོད་དགོས། རྒྱ་བོད་ཐ་སྙད་ཀྱི་སྒྲ་སྒྱུར་དག་ནི་ 《རྒྱ་བོད་ཤན་སྦྱར་ཚིག་མཛོད》དང་བསྟུན་དགོས།

  བཞི་པ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་དང་ཡང་ན་ཞིང་ཆེན་དང་པུའུ་ཨུའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་གི་རྣམ་གྲངས་ལས་གཞི་སོགས་ཡིན་ཚེ། ཕྱག་རྩོམ་ནང་ལས་གཞིའི་མིང་ཡོངས་དང་ཨང་རྟགས་བཅས་བཀོད་དེ་གསལ་བཤད་བྱེད་དགོས།

  ལྔ་པ། རྩོམ་པ་པོ་ངོ་སྤྲོད། (མིང་། ལས་ཁུངས། སློབ་གནས། ལས་ཀའི་མིང་ཐོབ། ཞིབ་འཇུག་གི་ཁ་ཕྱོགས)དེ་མིན་ཕྱག་རྩོམ་གྱི་མཚན་བྱང་རྒྱ་དབྱིན་ཤན་སྦྱར་གྱིས་འབྲི་རྒྱུ་དང་རང་ཉིད་ཀྱི་འབྲེལ་གཏུགས་བྱ་ཡུལ། སྡོད་གནས་སོགས་གསལ་བོར་འགོད་རོགས།

  དྲུག་པ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་པའི་སྐོར་གྱི་དཔྱད་རྩོམ་ཡིན་ཚེ། དུས་དེབ་སྟེང་ལ་འགོད་པར་དམིགས་བསལ་ཡོད། གཞན་ཡང་འདི་གར་འབྱོར་བའི་ཕྱག་རྩོམ་ཕྱིར་སློག་བྱ་རྒྱུ་མིན་པས་མ་ཕྱི་རྩོམ་པ་པོ་རང་གིས་ཉར་ཚགས་བྱ་དགོས་ཤིང་། པར་དབང་དང་འགལ་བའི་གཞན་རྩོམ་བརྐུ་བཤུ་དང་པར་སྐྲུན་བསྐྱར་ཟློས་སོགས་ཀྱི་གནས་ཚུལ་བྱུང་ཚེ། རྩོམ་པ་པོ་རང་ཉིད་ཀྱིས་འགན་འཁུར་དགོས།

1-4.JPG

1-5.JPG

1-6.JPG

  དཀར་ཆག

  ཕྱག་རྩོམ་བསྐུར་ཡུལ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཙོང་ཆུ་འགྲམ་གྱི་སྲང་ལམ་གོང་མའི་སྒོ་རྟགས་དང་པོ།

  མཚོ་སྔོན་སྤྱི་ཚོགས་ཚན་རིག་བོད་ཡིག་རྩོམ་སྒྲིག་ཁང་། སྦྲག་སྲིད་ཨང་རྟགས། 810000

  ཁ་པར་ཨང་གྲངས། 0971-8207623 ཡིག་ཟམ།qhshkxzwb@163.com

  地址:青海省西宁市上滨河路1号 《青海社会科学》藏文编辑部

  邮政编码:810000 电话:0971-8207623 电子邮箱:qhshkxzwb@163.com

1 (1).jpg

2.jpg

3 (1).jpg

4.jpg

5.JPG

6.jpg

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།