2018ལོར་ཀན་ལྷོ་ཁུལ་གྱིས་འཆར་གཞི་ལྟར་རོང་འབྲོག་སྡེ་བའི་དབུལ་ཕོངས་མང་ཚོགས་མི་ཁྲི1.72ཇེ་ཉུང་དུ་གཏོང་རྒྱུ་རེད།
སྤེལ་བའི་དུས་ཚོད། : 2018-03-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་གཞུང་སྒྲུབ་ཁང་གིས2018ལོའི་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བའི་འཆར་གཞི་པར་འགྲེམ་བྱས་ཞིང་། ཀན་ལྷོ་ཁུལ་གྱིས་འཆར་གཞི་ལྟར་ན་ལོའི་ནང་དུ་དབུལ་ཕོངས་མི་གྲངས་མི་ཁྲི1.72ཇེ་ཉུང་དུ་གཏོང་རྒྱུ། དེའི་ཁྲོད་དུ་ལིན་ཐན་རྫོང་ལ་མི་ཁྲི0.4དང་ཅོ་ནེ་རྫོང་ལ་མི་ཁྲི0.35འབྲུག་ཆུ་རྫོང་ལ་མི་ཁྲི0.3དང་བསང་ཆུ་རྫོང་ལ་མི0.265 ཐེ་བོ་རྫོང་ལ་མི་ཁྲི0.105དང་ཀླུ་ཆུ་རྫོང་ལ་མི་ཁྲི0.165རྨ་ཆུ་རྫོང་ལ་མི་ཁྲི0.125གཙོས་གྲོང་ཁྱེར་ལ་མི་ཁྲི0.01བཅས་ཡོད།

  ད་ལོའི་ཀན་ལྷོ་ཁུལ་གྱི་དབུལ་ཕོངས་མི་གྲངས་ཉུང་འཕྲི་བྱེད་པའི་འཆར་གཞི་དེ་འོག་ནས་གོང་དང་གོང་ནས་འོག་བར་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་འབྲེལ་མཐུད་ཡང་ཡང་བྱས་རྗེས་ཞིང་ཆེན་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་ཞིབ་བཤེར་གཏན་འབེབས་བྱས་རྗེས་འགྲེམ་པར་བྱས་པ་དང་། བྱ་བ་མཛུབ་སྟོན་དང་ཞིབ་བཤེར་དཔྱད་དཔོག་བྱེད་པར་གཞི་འཛིན་ས་གཙོ་བོ་ཡིན། ཞིང་ཆེན་དང་ཁུལ་གྱིས་རྫོང་དང་གྲོང་ཁྱེར་སོ་སོ་དང་སྡེ་ཁག་སོ་སོས་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་སྲིད་ཇུས་ཀྱི་བླང་བྱ་ལྟར་མུ་མཐུད་དུ་ཞིབ་ཚགས་ཀྱིས་གནད་ཁེལ་དབུལ་སྐྱོར་བྱ་ཐབས་སྤྱད་དེ། ནན་ཏན་སྒོས“ཁྱིམ་གཅིག་ལ་ཐབས་གཅིག”གི་དབུལ་སྐྱོར་འཆར་གཞི་དང་དབུལ་སྐྱོར་བྱ་ཐབས་དོན་འཁྱོལ་བྱས་ནས། ལོའི་དབུལ་ཕོངས་ཉུང་གཏོང་གི་ལས་འགན་ཕྱོགས་ཡོངས་ནས་གྲུབ་པར་ཁག་ཐེག་བྱས།།

 རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།