ཆབ་མདོ་གྲོང་ཁྱེར་གྱི་མཐོ་རིམ་གཞུང་ལམ་ཐོག་མ་དེ་འཛུགས་སྐྲུན་བྱེད་འགོ་ཚུགས།
སྤེལ་བའི་དུས་ཚོད། : 2018-03-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

137030806_15207351449141n.jpg

  འདི་ནི་ཟླ3པའི་ཚེས10ཉིན་ལས་བཟོ་བས་ཆབ་མདོ་གྲོང་ཁྱེར་ནས་སྤང་མདའ་གནམ་གྲུ་ཐང་བར་གྱི་དུས་རིམ་དང་པོའི་མཐོ་རིམ་གཞུང་ལམ་གྱི་ལས་གཞི་ལག་བསྟར་བྱེད་བཞིན་པའི་ཚུལ་རེད།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཟླ3པའི་ཚེས9ཉིན། རྒྱལ་ལམ214ཡི་ཆབ་མདོ་གྲོང་ཁྱེར་ནས་སྤང་མདའ་གནམ་གྲུ་ཐང་བར་གྱི་དུས་རིམ་དང་པོའི་མཐོ་རིམ་གཞུང་ལམ་གྱི་ལས་གཞི་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། དེ་ནི་ཆབ་མདོ་གྲོང་ཁྱེར་དུ་མཐོ་རིམ་གཞུང་ལམ་འཛུགས་སྐྲུན་བྱེད་ཐེངས་ཐོག་མ་དེ་ཡིན་ལ་བོད་ལྗོངས་སུ་འཛུགས་སྐྲུན་བྱེད་པའི་མཐོ་རིམ་གཞུང་ལམ་གྱི་ལས་གཞི་ཁག་བརྒྱད་པ་དེ་ཡང་ཡིན། མཚོ་ངོས་ལས་མཐོ་ཚད་སྨི4334ཡོད་པའི་སྤང་མདའ་གནམ་གྲུ་ཐང་ནི་བོད་ལྗོངས་ཀྱི་ས་བབ་མཐོ་ཤོས་ཀྱི་གནམ་གྲུ་ཐང་ཞིག་ཡིན། ཆབ་མདོ་གྲོང་ཁྱེར་ནས་སྤང་མདའ་གནམ་གྲུ་ཐང་བར་གྱི་དུས་རིམ་དང་པོའི་མཐོ་རིམ་གཞུང་ལམ་དུམ་བུའི་རིང་ཚད་ལ་སྤྱི་ལེ26.9ཡོད་པ་དང་། གཞུང་ལམ་ཐོག་རླངས་རིགས་ཀྱི་མགྱོགས་ཚད་སྤྱི་ལེ80ཇུས་འགོད་བྱས་ཡོད་པ་དང་ལས་གཞི་དེ་ཟླ་བ24ཡི་ནང་མཇུག་སྒྲིལ་རྒྱུའི་འཆར་གཞི་བཀོད་ཡོད། །

137030806_15207351449741n.jpg

  འདི་ནི་ཟླ3པའི་ཚེས10ཉིན་ལས་བཟོ་བས་ཆབ་མདོ་གྲོང་ཁྱེར་ནས་སྤང་མདའ་གནམ་གྲུ་ཐང་བར་གྱི་དུས་རིམ་དང་པོའི་མཐོ་རིམ་གཞུང་ལམ་གྱི་ལས་གཞི་ལག་བསྟར་བྱེད་བཞིན་པའི་ཚུལ་རེད།

  རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།