འབྲོག་ཁྱིམ་སྒོ་ཡི་སྟེང་གི་བཀྲ་ཤིས་སྨོན་ཚིགས་གི་ཉམས་བཟང་།
སྤེལ་བའི་དུས་ཚོད། : 2018-02-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། དུས་རབས་གསར་པ། ཕུགས་འདུན་གསར་པ་ཞེས་པ་བརྗོད་བྱ་གཙོ་བོ་བྱས་པའི་སྤྱི་ལོ་2018ལོའི་བོད་ལྗོངས་དྲ་བའི་སྨྱན་སྦྱོར་གྱི་དཔྱིད་དཔལ་གཞི་རིམ་དུ་ཁྱབ་ཞེས་པའི་བྱེད་སྒོའི་བབས་ཚུགས་གསུམ་པ་དེ་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོ་ཁྱིམ་གྲོང་ཚོར་སྤེལ་ཡོད། ཡིག་གཟུགས་མཁས་ཅན་གསུམ་གྱིས་ས་ཡུལ་དངོས་སུ་སོར་རྩེ་མདའ་མོ་འཕེན་ཏེ་ཀོ་ཁྱིམ་གྲོང་ཚོའི་ཡུལ་མི་ཚོར་ལོ་གསར་གྱི་བཀྲ་ཤིས་སྨོན་ཚིག་ཕུལ་ཡོད།

ཡིག་གཟུགས་མཁས་ཅན་ངག་དབང་དོན་གྲུབ་ཀྱིས་མང་ཚོགས་ཚོར་བོད་ཡིག་གི་ཐོག་ནས་སྨོན་ཚིག་འབྲི་བཞིན་པ།

སྤུ་སྨྱུག་གི་རྩེ་མོ་ཤོག་བུའི་སྟེང་ལ་མ་ཟུག་གོང་ཡུལ་མི་མང་པོ་འཚང་ཁ་ཤིག་ཤིག་གིས་དེར་འཛོམས་ནས་ཡིག་གཟུགས་མཁས་པའི་དྲག་རྩལ་ལ་བལྟ་བར་སླེབས་སོང་།

ཡུལ་མི་རྣམས་རེ་བ་ཆེན་པོས་སྨོན་ཚིག་ཤོག་དམར་ལེན་རྒྱུ་སྒུག་བསྡད་པ།

ཡིག་གཟུགས་མཁས་ཅན་ཡང་ཁྲོའན་ཅེ་ཡིས་ཀོ་ཁྱིམ་གྲོང་མི་ཚོར་བཀྲ་ཤིས་སྨོན་ཚིགས་འབྲི་བཞིན་པ།

ལོ་གསར་གྱི་བཀྲ་ཤིས་སྨོན་ཚིག་རག་པའི་ཡུལ་མིས་ཞིབ་ཕྲའི་ཐོག་བལྟ་བཞིན་པ།

བཀྲ་ཤིས་སྨོན་ཚིག་རག་རྗེས་ཡུལ་མི་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་བཀྲ་ཤིས་སྨོན་ཚིག་དེ་དག་ནི་ད་ལོའི་ལོ་འདི་བཀྲ་ཤིས་ཕུན་སུམ་ཚོགས་པའི་སྨོན་ཚིགས་བཟང་པོ་ཡིན་པས་ངས་ངེས་པར་དུ་སྒོའི་གཡས་གཡོན་དུ་ཡག་པོ་སྦྱར་ནས་ལོ་གསར་སྐྱིད་པོ་ཞིག་གཏོང་གི་ཡིན་ཞེས་ཤོད་ཀྱི་ཡོད་པ་རེད།

ཀོ་ཁྱིམ་གྲོང་ཚོར་ཁྱོན་དུད་ཁྱིམ་267དང་མི་གྲངས་1271ཡོད་ཅིང་། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་ཟླ་བཟང་ལགས་ཀྱི་ལག་ཏུ་ཡིག་གཟུགས་མཁས་ཅན་གྱིས་གནང་བའི་ཕྱག་བྲིས་བཀྲ་ཤིས་སྨོན་ཚིག་གི་ཤོག་དམར་བཟུང་ཏེ་དགའ་ཚོར་ཆེན་པོས་ང་ཚོའི་གྲོང་ཚོ་འབྲོག་ལས་གསོ་ཚགས་དང་རྒྱགས་གསོའི་མཉམ་ལས་ཁང་ལ་བརྟེན་ནས་མི་རེའི་ཆ་སྙོམས་བགོ་འགྲེམ་ཆོག་པའི་ཡོང་འབབ་སྒོར་ཆིག་ཁྲི་སུམ་སྟོང་ཟིན་ནས་ད་ལོ་ཚང་མ་དབུལ་གྲོལ་ཐུབ་སོང་ཞེས་བཤད་ཡོད་པ་རེད།

རྩོམ་སྒྲིག་པ་བསྟན་པ་ཚེ་རིང་།