བོད་ལྗོངས་ཀྱི་མི་ཆོས་བརྩེ་དུང་བརྗོད་པའི་དངོས་བཤུས་གློག་བརྙན་གསུམ།
སྤེལ་བའི་དུས་ཚོད། : 2018-01-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བོད་ལྗོངས་ནི་ནམ་ཡིན་ཡང་བརྗོད་གཞི་མེད་པའི་ས་ཆ་ཞིག་གཏན་ནས་མིན་པ་རེད། འདི་གར་རང་བྱུང་གི་ཁོར་ཡུག་ཞན་ཞིང་། འདི་གར་དད་པ་ལྷད་དང་བྲལ་བ། འདི་གར་ཚེ་སྲོག་ལ་དད་གུས་ལྡན་པ། འདི་གར་སྒྱུ་རྩལ་པས་དངོས་བཤུས་གློག་བརྙན་ཕུལ་བྱུང་རེ་རེ་བཞིན་གསར་གཏོད་བཅས་བྱེད་ཀྱི་ཡོད་པས། 《ས་མཐོའི་འཕྲང་ལམ་》དང་། 《བོད་ལྗོངས་ཀྱི་དུས་ཟླ།》《བོད་ལྗོངས་རྙེད་པ་》ནང་དུ་བོད་ལྗོངས་ཀྱི་མི་ཆོས་བརྩེ་དུང་ཟབ་མོ་བརྗོད་ཡོད་པ་རེད།

《ས་མཐོའི་འཕྲང་ལམ་》དུ་པར་མིག་བརྒྱུད་ནས་བོད་ལྗོངས་ཀྱི་བོད་པ་དཀྱུས་མའི་འཚོ་བ་བརྗོད་ཡོད་པ།

《ས་མཐོའི་འཕྲང་ལམ་》ཞེས་པ་ནི་པེ་ཅིང་ཐེན་ཁྲེན་ཅ་ཧྭ་དང་པེ་ཅིང་སྐར་ལྔ་ངོ་མཚར་གྱི་གཏམ་རྒྱུད་ཀུང་སི་གཉིས་མཉམ་ལས་ཐོག་ནས་སྟོན་པའི་བརྩམས་ཆོས་ཡིན་ཞིང་། ཀུའེ་དབྱང་གྲོང་ཁྱེར་སྲིད་གཞུང་དང་། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས། ཀུའེ་དབྱང་ཐེན་ཚའེ་མི་རིགས་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི། ཀྲུང་གོའི་མི་རིགས་རིག་གནས་ཐོན་ཁུངས་དྲ་བ། ཀྲུང་གོའི་ཧྭ་ཞ་རིག་གནས་ཤུལ་རྗེས་ཐེབས་རྩ་ཚོགས་པ་སོགས་མཉམ་འབྲེལ་ཐོག་ནས་སྒྲིག་བཟོ་བྱས་པའི་བོད་ལྗོངས་ཀྱི་མི་ཆོས་བརྗོད་པའི་དངོས་བཤུས་གློག་བརྙན་ལེའུ་བདུན་ཡོད་པ་རེད།

《བོད་ཡུལ་གྱི་དུས་ཟླ་》ཞེས་པ་སྒྲིག་བཟོ་ཚོགས་པས་དུས་ཡུན་ལོ་གསུམ་གྱི་རིང་ལ། གངས་རིར་འཛེགས་པ་དང་། མི་མེད་ལུང་སྟོང་དུ་བསྐྱོད་པ། འཁྱགས་རོམ་ཁུལ་དུ་བཅའ་སྡོད་བྱས་པ། བོད་ལྗོངས་ཀྱི་ལྗོངས་ཡོངས་བར་བརྒལ་བྱས་ཏེ། ལེའུ་ལྔ་ཅན་གྱི་དངོས་བཤུས་གློག་བརྙན་ཞིབ་ཚགས་བཟོ་བསྐྲུན་བྱས་ཏེ། མི་ཕལ་པའི་རིན་ཐང་ལྟ་བ་ནས། ལོ་རྒྱུས་ཀྱི་དོན་སྙིང་ཟབ་ཅིང་མི་ཆོས་ཀྱི་བརྩེ་སེམས་མངོན་པའི་《བོད་ཡུལ་གྱི་དུས་ཟླ་》ཞེས་པའི་ནང་སྟོན་ཡོད་པ་རེད།

《བོད་ལྗོངས་རྙེད་པ་》ཞེས་པར་བོད་ལྗོངས་ཀྱི་གྲོང་ཁྱེར(ཁུལ་)7གྱི་ངོ་མཚར་སྟོན་ཡོད་པ།

《བོད་ལྗོངས་རྙེད་པ་》ཞེས་པ་ལས་བོད་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ་)7གྱི་ཡུལ་སྐོར་མཛེས་ལྗོངས་དང་། དུས་ཆེན་རིག་གནས། དམངས་སྲོལ་ཉམས་འགྱུར། སྐྱེ་ཁམས་ཁོར་ཡུག་སོགས་ངོ་སྤྲོད་བྱས་ཡོད་པ་དང་། མི་ཡུལ་གྱི་དག་ཞིང་དང་། ལྷ་ཡུལ་གྱི་བོད་ལྗོངས"ཏེ། མི་རྣམས་གནས་སའི་བདེ་ཞིང་། བདེ་སྐྱིད་ལྡན་པ་དང་། འཆམ་མཐུན་མཛེས་སྡུག་ལྡན་པ་བཅས་ཀྱི་གཏམ་རྒྱུད་ཅིག་བརྗོད་ཡོད་པ་རེད།

ཡོང་ཁུངས། མི་དམངས་དྲ་བ།