བོད་ལྗོངས་ཀྱིས་ནུས་ཁུངས་གསར་པའི་རླངས་འཁོར༡༢༨ལ་ཆེད་སྤྱོད་འཁོར་བྱང་ཨང་རྟགས་ཐེངས་དང་པོ་སྤྲད་པ།
སྤེལ་བའི་དུས་ཚོད། : 2018-01-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉེ་དུས། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་འཁོར་རིགས་དོ་དམ་ཟོ་ཡིས་ཁག་དང་པོའི་ནུས་ཁུངས་གསར་པའི་རླངས་འཁོར ༡༢༨ ལ་ཆེད་སྤྱོད་འཁོར་བྱང་ཨང་རྟགས་སྤྲད་པ་རེད།

  ཤེས་རྟོགས་བྱས་པར་གཞིགས་ན། ཆེད་སྤྱོད་འཁོར་བྱང་ཨང་རྟགས ༡༢༨ ནི་རང་ལྗོངས་ཀྱི་ནུས་ཁུངས་གསར་པའི་རླངས་འཁོར་ལ་འཁོར་བྱང་ཨང་རྟགས་སྤྲོད་ཐེངས་དང་པོ་དེ་ཡིན་པ་དང་། ད་ལོའི་སྤྱི་ཟླ ༦ པར་ལྗོངས་ཡོངས་སུ་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་སྟེ། རྒྱ་ཆེའི་འཁོར་བདག་གིས་འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོབ་དང་རྫུན་མ་འགོག་པའི་རང་བཞིན་ཆེ་བ། ཚན་རྩལ་འདུས་ཚད་མཐོ་བ་བཅས་ཀྱི་ནུས་ཁུངས་གསར་པའི་རླངས་འཁོར་ཀྱི་ཆེད་སྤྱོད་འཁོར་བྱང་ཨང་རྟགས་སྤྱོད་ནས། རང་ལྗོངས་ཀྱི་སྐྱེས་ཁམས་ཁོར་ཡུག་ཐད་སྲ་ཞིང་བརྟན་པའི་སྲུང་སྐྱོབ་ཐུབ་པ་བྱེད་རྒྱུ་རེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན།