བོད་ལྗོངས་ཀྱི་གློག་འཕྲིན་ཀུན་ཁྱབ་ཞབས་ཞུའི་ཚོད་ལྟའི་རྣམ་གྲངས་ཁག་དང་པོ་དང་གཉིས་པར་ཞིབ་བཤེར་རྩིས་ལེན་བྱེད་འགོ་ཚུགས་པ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་12ཚེས་5ཉིན། ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་སྣེ་འཁྲིད་སྒྲིག་འཛུགས་བྱས་ནས་བོད་ཀྱི་གློག་འཕྲིན་ཀུན་ཁྱབ་ཞབས་ཞུའི་ཚོད་ལྟའི་རྣམ་གྲངས་ཁག་དང་པོ་དང་གཉིས་པར་ཞིབ་བཤེར་རྩིས་ལེན་བྱེད་འགོ་ཚུགས་པའི་ཚོགས་འདུ་འཚོགས་པ་དང་ཚོགས་འདུའི་ཐོག་རྣམ་གྲངས་ཀྱི་ཞིབ་བཤེར་རྩིས་ལེན་གྱི་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་སྲིད་གཞུང་དང་། ལྷ་ས་བཟོ་འཕྲིན་ཅུས། ཉིང་ཁྲི་བཟོ་འཕྲིན་ཅུས། ལྗོངས་འཕྲིན་གཏོང་དོ་དམ་ཅུས། དེ་བཞིན་ཕྱོགས་གསུམ་པའི་ཞིབ་བཤེར་རྩིས་ལེན་སྒྲིག་གཞིའི་མི་སྣ་ལས་གྲུབ་པའི་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་ས་གནས་ས་ཐོག་གི་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་དང་དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་ཚོགས་ཆུང་གཉིས་སུ་ཕྱེ་ཡོད། ས་གནས་ས་ཐོག་གི་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་རྣམ་གྲངས་རྐྱང་པའི་ནང་གི་སྲིད་འཛིན་གྲོང་ཚོའི་བསྡོམས་འབོར་གྱི་3%མམ་ཡང་ན་ཉུང་མཐར་ཡང་སྲིད་འཛིན་གྲོང་ཚོ་2སྐོང་འཐེན་བྱས་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་རྩིས་ལེན་དང་དེ་མཚུངས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་ཞིབ་བཤེར་བྱ་རྒྱུ་རེད། དཔྱད་གཞིའི་ཡིག་རིགས་ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གིས་རྣམ་གྲངས་ཀྱི་དཔྱད་གཞིའི་ཡིག་རིགས་ཐམས་ཅད་ལ་ཞིབ་བཤེར་བྱ་རྒྱུ་རེད། གལ་སྲིད་གནད་དོན་ལྷག་ཚེ། སྐྲུན་འགན་འཁུར་མཁན་ཚན་པར་ལས་ཀའི་ཉིན་10ཡི་ནང་ཚུན་དུ་དག་ཐེར་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་འདོན་རྒྱུ་མ་ཟད། འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ཏེ་མཐའ་མའི་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གློག་འཕྲིན་ཀུན་ཁྱབ་ཞབས་ཞུའི་ཚོད་ལྟའི་རྣམ་གྲངས་2016ལོར་འགོ་ཚུགས་པ་དང་རྣམ་གྲངས་དེའི་ནང་བཅུག་པའི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)ཁྱོན་བསྡོམས་5210ཡོད། ད་རེས་ཀྱི་ཞིབ་བཤེར་རྩིས་ལེན་བྱེད་པའི་2016ལོའི་གློག་འཕྲིན་ཀུན་ཁྱབ་ཞབས་ཞུའི་ཚོད་ལྟའི་རྣམ་གྲངས་ཁག་དང་པོ་དང་གཉིས་པའི་ནང་སྲིད་འཛིན་གྲོང་ཚོ་3126ཡོད། མིག་སྔའི་བར་སྲིད་འཛིན་གྲོང་ཚོ་2214ལ་གློག་འཕྲིན་ཀུན་ཁྱབ་ཞབས་ཞུའི་ལས་དོན་སྤེལ་ཟིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།