གོར་མོའི་ཆིང་ཧྭ་གཏེར་ལས་ཚད་ཡོད་འགན་འཁྲི་ཀུང་སིས་ཁྲིམས་འགལ་ངང་གཏེར་སྙིགས་ཏུན་ཁྲི་590ཙམ་བཤངས་འབུད་བྱས་པ་བརྟག་དཔྱད་གཏན་འཁེལ་བ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གོར་མོའི་ཆིང་ཧྭ་གཏེར་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་གཏེར་སྙིགས་བཤངས་འབུད་ཀྱི་ཁོར་ཡུག་གནད་དོན་ལ་བརྟག་དཔྱད་དང་ཐག་གཅོད་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་སྟེ་དེ་གོང་འབྲེལ་ཡོད་སྨྱན་སྦྱོར་གྱིས་མཚོ་སྔོན་ཆིང་ཧྭ་གཏེར་ལས་ཀྱིས་བྱེ་ཐང་དུ་གཏེར་སྙིགས་བཤངས་འབུད་བྱས་པའི་གསར་འགྱུར་ཞིག་སྤེལ་བར་ནང་དོན་འགའ་དོན་དངོས་ཡིན་པ་དང་། ཁེ་ལས་དེས་དེ་གོང་ཁྲིམས་འགལ་ངང་གཏེར་སྙིགས་བཤངས་འབུད་བྱས་པ་གཏན་འཁེལ་བ་རེད།

  གོར་མོ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་གསར་འགྱུར་མགྲིན་ཚབ་པ་མཱ་ཅན་ཝུའེ་ཡིས་ངོ་སྤྲོད་བྱས་པར། ས་ཆ་དངོས་སུ་བརྟག་དཔྱད་བྱས་པ་བརྒྱུད་གོར་མོ་ཆིང་ཧྭ་གཏེར་ལས་ཚད་ཡོད་འགན་འཁྲི་ཀུང་སིས་2014ལོའི་ཟླ་8པའི་སྔོན་དུ་ཁྲིམས་འགལ་ངང་གཏེར་སྙིགས་བཤངས་འབུད་བྱས་པའི་བྱེད་སྤྱོད་ཡོད་པ་དང་བཤངས་འབུད་བྱས་པའི་གཏེར་སྙིགས་ཏུན་ཁྲི་590ཙམ་ཟིན་པ་ལས་བཟོ་གྲྭའི་ཉེ་འཁོར་དུ་ཏུན་ཁྲི་199བཤངས་འབུད་བྱས་པ་དེས་སྨྱན་སྦྱོར་གྱི་འཕྲིན་སྤེལ་ནང་རྒྱང་ཚོར་པར་རིས་དང་བརྙན་ལམ་ཐོག་ནས་མངོན་པའི“སྦགས་བཙོག་ཁུལ་སྤྱི་ལེ་16”ཞེས་པ་དེ་ཆགས་ཡོད། དེ་བྱིངས་ཀྱི་ཏུན་ཁྲི་391ཙམ་སིམ་འགོག་ཡོལ་བ་ཁོ་ན་ལས་མེད་པའི་གཏེར་སྙིགས་ས་དོང་ནང་བཤངས་ཡོད་པ་རེད།

  2014ལོའི་ཟླ་8པ་ནས་2017ལོའི་ཟླ་2པའི་བར། ཁེ་ལས་དེ་ཐོན་སྐྱེད་བྱེད་མཚམས་བཞག་པ་དང་དུས་ཚོད་དེའི་རིང་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་བཅོས་སྒྲིག་བཀའ་རྒྱའི་བླང་བྱ་གཞིར་བཟུང་གཏེར་སྙིགས་ས་དོང་དུ་སིམ་འགོག་འགྱིག་ཤོག་འདིང་བའི་ལས་གྲྭ་དུས་ཐེངས་གཉིས་ལ་དབྱེ་ནས་ལག་ལེན་བསྟར་བ་དང་། གཏེར་སྙིགས་བཤངས་འབུད་མདོང་ལམ་སྤྱི་ལེ་8བཏིང་བ་དང་ལྟ་དཔྱད་ཚད་ལེན་ཁྲོན་པ་1བྲུས་ཡོད་པ་རེད། རྣམ་གྲངས་ཀྱི་ལག་ཁྱེར་ཆ་ཚང་བ་དང་ས་ཆར་རིགས་གཅིག་མཁས་ཅན་གྱིས་ཞིབ་བཤེར་བྱས་པ་ལས་ད་ཆའི་སྒྲིག་ཆས་རྣམས་ཁོར་ཡུག་དཔྱད་ཞིབ་ཀྱི་བླང་བྱ་དང་གཞི་རྩའི་ཆར་མཐུན་གྱི་ཡོད་པ་རེད། 2017ལོའི་ཟླ་3པར་ཁེ་ལས་དེ་ཉིད་ཐོན་སྐྱེད་སླར་གསོ་བྱས་པ་ནས་བཟུང་ཁྲིམས་འགལ་ངང་གཏེར་སྙིགས་བཤངས་འབུད་བྱེད་པའི་གནས་ཚུལ་ཐོན་མེད་པ་རེད།