བོད་ལྗོངས་ཀྱིས་མཐོ་སྒང་ཁམས་གསོ་ལུས་གསོ་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་བཞིན་ཡོད་པ།
སྤེལ་བའི་དུས་ཚོད། : 2017-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ལྷ་སའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར་བོད་ལྗོངས་མཐོ་སྒང་ཁམས་གསོ་ལུས་གསོ་ཞིབ་འཇུག་ལྟེ་གནས་ཀྱི་གྲུབ་ཆ་གཙོ་བོའི་ཐོག་བཀབ་པའི་ལས་དོན་ལེགས་འགྲུབ་བྱས་ཡོད་པ་དང་། སང་ལོར་ཚོད་ལྟའི་ལས་གཉེར་བྱེད་འགོ་འཛུགས་རྒྱུ་རེད།

  བོད་ལྗོངས་མཐོ་སྒང་ཁམས་གསོ་ལུས་གསོ་ལྟེ་གནས་ནི"ཀྲུང་དབྱང་ཁེ་ལས་བོད་ལྗོངས་སུ་སྐྱོད"པའི་ཆིངས་རྒྱ་འཇོག་པའི་ལས་གཞི་ཞིག་ཡིན་པ་དང་། ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་སྟོད་ལུང་ཆུ་བོའི་འགྲམ་གྱི་གནམ་དཔྱད་སྤྱི་གླིང་ནང་དུ་ཡོད་ཅིང་། རྒྱ་ཁྱོན་ཧ་ལམ་མུའུ་20ཡོད་པ་དང་། སྤྱིའི་མ་དངུལ་དུང་ཕྱུར་5ལས་བརྒལ་བ་བཞག་ཡོད་པ་རེད།

  2016ལོར་གཉེར་བའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་གསུམ་པའི་ཐོག་ཏུ"ཀྲུང་དབྱང་གི་ཁེ་ལས་བོད་ལྗོངས་སུ་སྐྱོད"པའི་ལས་གཞི་གཅིག་བསྡུས་ཀྱིས་ཆིངས་རྒྱ་བཞག་པ་དང་། ལས་གཞིར་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར་82ཟིན་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་རེད།

  ལས་གཞི་འདིར་ཁམས་གསོ་ནུས་པ་དཔྱད་བསྡུར་གཏན་འབེབས་དང་། ཁམས་གསོ་སྦྱོང་བརྡར། ཚན་རིག་དང་མཐུན་པའི་ལུས་རྩལ། སྐར་རིམ་མགྲོན་ཁང་། སྨན་དང་བཟའ་བཏུང་སོགས་ཀྱི་ནུས་པ་འདུས་པས། དེང་རབས་ཀྱི་ཁམས་གསོ་དང་། ཀྲུང་ལུགས་སྨན་བཅོས་དང་བོད་ཀྱི་གསོ་རིག་སོགས་གསོ་རིག་ཚན་ཁག་རིགས་གསུམ་ལྡན་པའི་མཐོ་སྒང་ལུས་ཁམས་བདེ་ཐང་དོ་དམ་ཞབས་ཞུའི་ལས་ཁུངས་ཤིག་རེད།