བོད་ཀྱིས་སྐྱེ་ཁམས་ལ་ཁ་གསབ་སྒོར་དུང་ཕྱུར་༡༩༢དང་བྱེ་བ་༦ས་ཡ་༧བཏང་བ།
སྤེལ་བའི་དུས་ཚོད། : 2017-11-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༨ཉིན། གསར་འགོད་པས་སྤྱི་ལོ་༢༠༡༧ལོའི་ཀྲུང་ཧྭ་ཡི་ཁོར་སྲུང་དུས་རབས་བྱ་སྤྱོད་ཅེས་པའི་བོད་སྐྱོད་བྱ་སྤྱོད་སྤེལ་འགོ་ཚུགས་པའི་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་བོད་ཀྱིས་རིམ་རྩིས་བྱས་ན་སྐྱེ་ཁམས་ལ་ཁ་གསབ་བྱེད་པའི་མ་དངུལ་སྒོར་དུང་ཕྱུར་༡༩༢དང་བྱེ་བ་༦ས་ཡ་༧དོན་འཁྱོལ་བྱས་པས་སྐྱེ་ཁམས་ལས་གནས་ཐོག་གི་ཞིང་འབྲོག་མང་ཚོགས་༦འབུམ་༢ཁྲིར་ཕན་པ་ཐོབ་ཡོད་ཅིང་དེ་དག་ཐོག་ནས་གཙོ་བོ་རྩ་ཐང་སྐྱེ་ཁམས་ཀྱི་ཁ་གསབ་བྱ་དགའ་དང་ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ། གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་གནས་སྤོ་གཏོང་སྤྲོད་སོགས་ཀྱི་ཐད་ནས་མངོན་གྱི་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་༢༠༡༧ལོར་བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་༡༧དང་བྱེ་བ་༣བཏང་ནས་ལྗོངས་ཡོངས་ཀྱི་ནགས་ཚལ་སྐྱེ་ཁམས་ཕན་འབྲས་ཁ་གསབ་སྒྲིག་གཞི་ལག་བསྟར་བྱས་པ་དང་སྐྱེ་ཁམས་དབུལ་འགྲོལ་ལས་གནས་ལ་ཁ་གསབ་སྤྲད་ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་༤དང་བྱེ་བ་༣དོན་འཁྱོལ་གྱིས་ལྗོངས་ཡོངས་སུ་རང་བྱུང་ནགས་ཚལ་ཚོང་ལས་རང་བཞིན་སྒོ་ནས་གཅོད་འབྲེག་བྱེད་མཚམས་འཇོག་རྒྱུར་རྒྱབ་སྐྱོར་བྱས་ཡོད་ཅིང་མིག་སྔའི་བར་སྲིད་ཇུས་དེ་བོད་ཀྱི་རྫོང་དང་ཆུས་དྲུག་ཅུ་རེ་ལྔར་ལག་བསྟར་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐྱིད་པོ།